西藏青年报藏文版ཕྱོགས་བསྡུས།  བརྩེ་སེམས་དང་སེམས་ཤུགས་ཡོད་རྒུས་སློབ་མའི་འཚར་ལོངས་ཆེད་དུ་འབད་པ། ནོར་འཛིན་གོ་ལའི་འཁུན་སྒྲ། ལེགས་རྩེ་འགག་སྒོས་ལོ་ཕྱེད་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་གཉེར་བ།

放大 缩小 默认

ལེགས་རྩེ་འགག་སྒོས་ལོ་ཕྱེད་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་གཉེར་བ།

ཉེ་ཆར། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་། གཞིས་རྩེ་འགག་སྒོའི་ལེགས་རྩེ་འགག་སྒོ་ལྟ་སྐུལ་དོ་དམ་ས་ཚིགས། ལེགས་རྩེ་འགག་སྒོའི་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ལེགས་རྩེ་འགག་སྒོའི་གློག་སྒོ་ལོ་ཕྱེད་ཀྱི་གྲུབ་འབྲས་འགྲེམས་སྟོན་དང“5.19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་ལེགས་རྩེ་འགག་སྒོའི་རྒྱལ་མཚམས་ཚོམས་ཆེན་གྱི་མདུན་ཕྱོགས་ཐང་ཆེན་དུ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་རྩེ་འགག་སྒོའི་ལོ་ཕྱེད་སྒོ་དབྱེའི་རིང་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་ཞིབ་བཤེར་གྱི་འགན་འཁྲི་གཙོ་བོར་དམིགས་ཏེ། མཐའ་མཚམས་ཞིབ་བཤེར་དོ་དམ་ཚོད་འཛིན་བྱེད་སྟངས་གསར་གཏོད་དང་འགག་སྒོའི་ཞིབ་བཤེར་ཆུ་ཚད་མཐོ་རུ་གཏོང་བ། འགག་སྒོའི་འཛུགས་སྐྲུན་རིམ་དབྱེ་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཤུགས་ཆེན་བྱས་ནས་ལེགས་རྩེ་འགག་སྒོའི་རྒྱུན་མཐུད་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཐུབ་ནས་མཐོ་སྒང་གི་རྒྱལ་སྒོ་སྲུང་སྐྱོབ་ཐུབ་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5ཚེས་19ཉིན་བར་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་12608དང་རླངས་འཁོར་ཐེངས་100 ཕྱུགས་རིགས800ལྷག་ཙམ་བཅས་ལ་ཞིབ་བཤེར་བྱས་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཁྲིམས་འགལ་གྱོད་གཞི་15དང་མི་15རྩད་ཆོད་པ་རེད།

གོམ་སྟབས་རྗེས་མར་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་ཞིབ་བཤེར་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཁྱོན་ཡོངས་ནས་འཕེལ་རྒྱས་དང་བཀོད་སྒྲིག་ཡག་པོ་ཡོང་ཆེད། རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་འགག་སྒོ་སྒྲོལ་བའི་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་ཞིབ་བཤེར་ཞབས་ཞུ་གསར་གཏོད་བྱས་ནས་ལེགས་རྩེ་འགག་སྒོའི་ཡུན་རིང་བདེ་འཁོད་དང་འབྲོང་པའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་འཕེལ་རྒྱས་མཐོ་པོ་ཡོང་བར་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་གྱི་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

ཚེ་རིང་ཐར་དང་བསོད་བསྟན། བསོད་བཀྲ་བཅས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明