西藏青年报藏文版གལ་ཆེའི་གསར་འགྱུར། སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལ ལྷ་སར་བོད་ཀྱི་དངུལ་རྩའི་ཚོང་དོན་ཁུལ་ཐོག་མ་བསྐྲུན་པ།

放大 缩小 默认

ལྷ་སར་བོད་ཀྱི་དངུལ་རྩའི་ཚོང་དོན་ཁུལ་ཐོག་མ་བསྐྲུན་པ།

བོད་ཀྱིས་བསྐྲུན་པའི་དངུལ་རྩའི་ཚོང་དོན་ཁུལ་དང་པོའམ་མིག་སྔའི་དངུལ་རྩའི་ཚོང་དོན་ཞབས་ཞུ་གཅིག་པུ་དེ་ཡིན་པའི་ངོས་ནས་ལྷ་སའི་དངུལ་རྩའི་ཚོང་དོན་ཞབས་ཞུ་ཁུལ་གྱིས་སྣེ་ཁྲིད་དང་སྐུལ་སློང་། སྒྲིག་གཞི་བཅའ་སྡོད་བྱེད་པ། ཁེ་ལས་ཁྲོམ་རྒྱུ། གཞིས་ཆགས་བྱ་དགའ་སྤྲོད་པ་དང་ཤེས་ལྡན་མི་སྣར་བྱ་དགའ་སྤྲོད་པ་བཅས་རྩ་འཛུགས་དང་ཁོར་ཡུག་འགན་སྲུང་སོགས་ཕྱོགས་མང་པོའི་ཐད་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཆ་རྐྱེན་འཛོམས་པའི་དངུལ་རྩའི་ཚོང་དོན་ཁུལ་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་དང་མི་སྒེར་ལ་བྱ་དགའི་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་5000སྤྲོད་ཆོག་པ་དང་དེ་བཞིན་ཁེ་ལས་ཀྱི་ཐོབ་ཁྲལ་ཁྲལ་ཚད་ཀྱི་གཟིགས་སྐྱོང་ཉུང་ཤོས་9%སྤྲད་ཆོག་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་12ཚེས་14ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《ལྷ་ས་གྲོང་ཁྱེར་གྱི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་དེང་རབས་དངུལ་རྩའི་ཞབས་ཞུའི་ལས་རིགས་གཅིག་སྡུད་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཚུན་ལྷ་ས་གྲོང་ཁྱེར་གྱིས་མཐོ་རིམ་སྐུལ་འདེད་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་དངུལ་རྩའི་ཚོང་དོན་ཁུལ་གྱི་འཛུགས་སྐྲུན་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་རྒྱུ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་སོགས་ཚན་ཁག་དང་མཉམ་དུ་དུས་འགོར་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ། ལས་རིགས་ཁག་དང་དངུལ་རྩའི་སྒྲིག་གཞིའི་བསམ་འཆར་གྱི་རྨང་གཞིའི་ཐོག་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ནས《ལྷ་ས་གྲོང་ཁྱེར་གྱིས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་བྱས་ནས་དེང་རབས་དངུལ་རྩའི་ཞབས་ཞུའི་ལས་རིགས་གཅིག་སྡུད་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལག་བསྟར་ཇུས་གཞི》《ལྷ་ས་གྲོང་ཁྱེར་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》དང《ལྷ་ས་གྲོང་ཁྱེར་གྱི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་དེང་རབས་དངུལ་རྩའི་ཞབས་ཞུའི་ལས་རིགས་གཅིག་སྡུད་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་2024ལོའི་ལས་དོན་གཙོ་གནད》བཅས་ལ་ཞིབ་འཇུག་དང་གཏན་འབེབས་བྱས་པ་རེད།

གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་རྩའི་ཚོང་དོན་ཁུལ་གྱི་གནས་བབ་ནི་བོད་ལྗོངས་ཁུལ་གྱི་དངུལ་རྩའི་ལས་རིགས་དང་དངུལ་རྩའི་ཞབས་ཞུ། དངུལ་རྩའི་གསར་གཏོད། དངུལ་རྩའི་སྒོ་དབྱེ། དངུལ་རྩའི་སྣོད་བཅུད་བཅས་ཀྱི“མཐོ་ས་ཆེན་པོ་ལྔ”དང་སྤྱི་ཁྱབ་པུའུ་ཡི་དཔལ་འབྱོར། རྩེར་སོན་ཚོང་དོན་གྱི་“ཁྲོམ་ར་ཆེན་པོ་གཉིས”བོད་ཀྱི་དཔལ་འབྱོར་ཐོན་ལས་ཀྱི་ཁྱད་ཆོས་དང་འབྲེལ་མཐུད། དངུལ་རྩའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་འཚམ་པའི་ཁྱད་ཆོས་ཅན་གྱི་བྱེད་ལས་རང་བཞིན་གྱི་དེང་རབས་དངུལ་རྩའི་ཚོང་དོན་ཁུལ་ཧུར་ཐག་བསྐྲུན་པ། “ལྗོངས་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ནུབ་རྒྱུད་དུ་ཁྱབ་སྤེལ་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པ”བཅས་གསར་དར་དངུལ་རྩའི་ཚོང་དོན་གྱི་མཐོ་ས་འཛུགས་སྐྲུན་ཧུར་ཐག་བྱ་དགོས། དངུལ་རྩའི་ཚོང་དོན་ཁུལ་གྱི་འཕེལ་རྒྱས་དམིགས་ཚད་ནི། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་ཡོང་བར་སྐུལ་འདེད་དང་། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩའི་ཚོང་དོན་ཁུལ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ས་རྟགས་གསར་པར་བསྐྲུན་རྒྱུ་ཡིན་པ། ནུབ་རྒྱུད་དངུལ་རྩའི་ཐོན་ལས་འཕེལ་རྒྱས་ཀྱི་མིང་བྱང་གསར་པ་དང་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པའི་གཞི་རྟེན་གསར་པ་བཅས་སུ་འགྱུར་བ་བྱེད་དགོས།

བསོད་བསྟན་དང་ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明