西藏青年报藏文版གལ་ཆེའི་གསར་འགྱུར། སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལ ལྷ་སར་བོད་ཀྱི་དངུལ་རྩའི་ཚོང་དོན་ཁུལ་ཐོག་མ་བསྐྲུན་པ།

放大 缩小 默认

སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལ

འདི་ནི་སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་མཉམ་པར་དྲན་རྟེན་ཡིན།

ཟླ་5ཚེས་23ནས་ཚེས་25ཉིན་བར“ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་” སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་འགྲན་བསྡུར་ལྷ་སར་འཚོགས་པ། ད་ཐེངས་ཀྱི་བྱེད་སྒོ་དེ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ནས་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོ་རྟེན་གཞིས་འགན་འཁུར་བྱས་ནས་སྒྲུབ་པ་རེད། ཉིན་གཉིས་རིང་འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། སློབ་གླིང་8 རྫོང་དང་ཆུས་74 གྲོང་ཚོ་ 850 སློབ་གྲྭ་འབྲིང་ཆུང་320 ལྗོངས་ཚན་པའི་ལས་ཁུངས་85དང་དགོན་སྡེ་28བཅས་ཀྱི་ཕུལ་བྱུང་བདམས་ཐོན་པ་104ཡིས་མཐའ་བསྡུར་འགྲན་བསྡུར་ནང་དོན་ལེགས་གྲུབ་བྱུང་བ་རེད།

ཉིན་གཉིས་ཀྱི་མཐའ་བསྡུར་འགྲན་བསྡུར་ནང་ཞུགས་པའི་བདམས་མི་ཚོས་སྤྲོ་སེམས་དང་ལྷག་བསམ་ཟོལ་མེད་ངང་བརྩེ་དུང་ལ་བརྟེན་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་མེས་རྒྱལ་དང་མཉམ་དུ་དབུགས་གཏོང་ལེན་དང་། དུས་རབས་དང་མཉམ་དུ་མདུན་སྐྱོད་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་སྙིང་སྟོབས་ཀྱི་རྣམ་པ་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བོད་ཀྱི་མི་རིགས་ཁག་དབར་ཕན་ཚུན་རོགས་རམ་དང་བྱམས་བརྩེ། འོ་ཆུ་འདྲེས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་ཡོད།

མངའ་རིས་ས་ཁུལ་ཁུང་ཧྥན་སེན་སློབ་ཆུང་ནས་ཡོང་བའི་ཚེ་བརྟན་སྒྲོལ་དཀར་གྱིས“ད་ཐེངས་ལྗོངས་ཡོངས་ཀྱི་མཐའ་བསྡུར་འགྲན་བསྡུར་ནང་བདེ་བླག་ངང་རིམ་པ་འཕར་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། དུས་རབས་གསར་པའི་བོད་ཀྱི་ན་གཞོན་ཞིག་ཡིན་པའི་ངོས་ནས་སློབ་སྦྱོང་ཧུར་ཐག་དང་། སྐད་ཆ་ཤོད་ཕོད་པ། བྱ་སྤྱོད་སྤེལ་ཕོད་པ། མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་ཞིག་ཏུ་བརྩོན་ལེན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཕ་ཡུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་ཧུར་ཐག་ཀྱང་བྱེད་ཀྱི་ཡིན”ཅེས་བཤད།

ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་དགོན་གྱི་ཆོས་ལུགས་ལས་རིགས་ཀྱི་གཞོན་ནུ་བདམས་ཐོན་པ་བློ་བཟང་ཕུན་ཚོགས་ཀྱིས་“ངས་ད་ཐེངས་འགྲན་བསྡུར་ནང་ཞུགས་པའི་གཏམ་བཤད་ཀྱི་ཁ་བྱང་ནི《མི་རིགས་མཐུན་སྒྲིལ་ལ་བསྟོད་བསྔགས་བྱས་ནས་ཏང་གི་བཀའ་དྲིན་ལ་བསམ་པ》ཞེས་པ་དེ་ཡིན། ཁྲ་འབྲུག་དགོན་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་མཐུན་སྒྲིལ་དགོན་པ་ཞིག་ཡིན་ལ། དེ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་རྗེས་བསྐྲུན་པའི་དགོན་པ་དང་པོ་དེ་ཡིན་པས། དེར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་བྱུང་ཡོད། ང་ནི་དུས་རབས་གསར་པའི་ཆོས་ལུགས་ཀྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་མུ་མཐུད་རིག་གནས་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་དང་། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཆོས་ལུགས་ཀྱི་གཞོན་ནུ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་ཡིན། ”ཞེས་བཤད།

འགྲན་བསྡུར་ཆེ་མོའི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཕུར་སྒྲོན་གྱིས“སྐབས་གོང་མའི་འགྲན་བསྡུར་ཆེ་མོའི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་སྐབས་འདིའི་འགྲན་བསྡུར་ཆེ་མོའི་ནང་སློབ་ཆུང་ཚོགས་ཆུང་དང་། སློབ་འབྲིང་ཚོགས་ཆུང་(དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་བཅས་ཚུད་ཡོད)གཞོན་ནུ་ཚོགས་ཆུང་། གྲོང་ཚོའི་གཞོན་ནུ་འགྲེམས་སྟོན་ཚོགས་ཆུང་། ཆོས་ལུགས་ལས་རིགས་གཞོན་ནུ་འགྲེམས་སྟོན་ཚོགས་ཆུང་བཅས་ཁྱོན་ཚོགས་ཆུང་5བཙུགས་ཡོད། སྐུལ་སློང་བྱེད་སྟངས་ཐད་སྤྱི་ཚོགས་ཅན་གྱི་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་ཆེད། སྤྱི་ཚོགས་ཀྱི་མཚོ་ཐོག་འདེམས་བསྐོའི་འགྲན་རྩལ(དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་འདེམས་པ)མཐའ་བསྡུར་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་མཁན་མང་དུ་བཏང་བས་འགྲན་བསྡུར་ཆེ་མོའི་སྤྱི་ཚོགས་ནང་ཞུགས་ཚད་དང་ཤུགས་རྐྱེན་ཆེ་རུ་ཕྱིན་པ་མ་ཟད། གཞོན་ནུ་ལོ་ཆུང་དེ་བས་མང་བ་དེའི་ནང་ཞུགས་ཐུབ་པ་བྱུང་ཡོད”ཅེས་བཤད།

བྱ་དགའ་སྤྲོད་པའི་མཛད་སྒོའི་ཉིན་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཀྲོང་རིགས། མོན་པ་རིགས་སོགས་མི་རིགས་མི་འདྲ་བའི་གཞོན་ནུ་ལོ་ཆུང་ཡང་བྱ་དགའ་སྤྲོད་པའི་མཛད་སྒོ་ནང་ཞུགས་པ་དང་། འགྲན་བསྡུར་ཆེ་མོའི་ཐད་ནུས་པ་འདོན་པ། བོད་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཧོ་ཧྭ་ཡིས“བོད་ཀྱི་གུང་གཞོན་སྡེ་ཚོགས་འགྲན་བསྡུར་ཆེ་མོ་དེ་གོ་སྐབས་སུ་བྱས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ཏེ་གཞོན་ནུ་ལོ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། གཞོན་ནུ་ལོ་ཆུང་ལ་རང་རྒྱལ་གྱི་བརྩེ་སེམས་ཟབ་ཏུ་བཏང་རོགས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུ། མི་ཚེའི་སྒྲོག་གུ་དང་པོ་དེ་དམ་པོར་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་གཏོང་རྒྱུ་དང་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་ཞིག་བརྩོན་ལེན་བྱས་ནས། རང་རྒྱལ་ཀྲུང་ཧྭ་ལ་དགའ་བའི་ས་བོན་གཞོན་ནུ་ལོ་ཆུང་ཚང་མའི་སེམས་སུ་བཅངས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་གཏོད་རྒྱུར་རོགས་རམ་དང་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་། ལང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་དུ་འཇུག་དགོས”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ཆེ་མོ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་5000ལྷག་ཙམ་རིམ་ཁག་གི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཐད་ཀར་ཞུགས་པ་དང་འགྲན་བསྡུར་ཆེ་མོ་དེའི་ནང་གཞོན་ནུ་ལོ་ཆུང་ཁྲི་4ལྷག་ཙམ་ཁྱབ་ཡོད། འགྲན་བསྡུར་ཆེ་མོ་དྲ་ཐོག་ནས་བསྟན་ཚད་ཁྲི་500ཟིན་ཏེ་དོ་ཁུར་མི་གྲངས་ཁྲི་100ཟིན་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明