西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཤེས་བྱའི་སྐས་རིམ་གསར་པ། ༄༅། །ང་རང་སློབ་འབྲིང་དུ་སླེབས་རྗེས། ༄༅། །དགེ་བའི་བཤེས་གཉེན་ལགས། ངས་ཁྱེད་ལ་བསྟོད་པ་དེ་ལྟར་བྱེད། ༄༅། །སྙིང་སྟོབས།

放大 缩小 默认

༄༅། །ང་རང་སློབ་འབྲིང་དུ་སླེབས་རྗེས།

□ 作者 འཆི་མེད་གཡང་འཛོམས།

དུས་ཚོད་ནི་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དང་འདྲ་བར་སྐད་ཅིག་ཀྱང་མི་སྡོད་པར་རྒྱུག་འགྲོ་གི་ཡོད། རེད་ཨང་། དངོས་གནས་སློབ་ཆུང་ལོ་དྲུག་ནི་གོ་མེད་ཚོར་མེད་ངང་མཇུག་བསྒྲིལ་སོང་།

སློབ་ཆུང་ནས་ཐོན་ཚར་རྗེས་སློབ་ཆུང་གི་དགེ་རྒན་གྱིས་སློབ་ཕྲུག་ཚང་མ་མཉམ་དུ་བསྡུས་ནས་སྤང་ལྗོངས་སྒང་ལ་སྐྱིད་སྐྱིད་གཏོང་བར་ཁྲིད། སྐྱིད་སྐྱིད་གྲོལ་རན་ཁར་དགེ་རྒན་གྱིས་སློབ་ཐོན་ལག་ཁྱེར་རེ་རེ་བཞིན་སློབ་མ་སོ་སོའི་ལག་ནང་སྤྲད་པས། གཞི་ནས་རང་ཉིད་ལ་དངོས་སུ་སློབ་ཆུང་ལས་ཐོན་པའི་ཚོར་བ་དྲག་པོ་ཞིག་བྱུང་། གཉིད་ལས་སད་པ་བཞིན་སེམས་ནང་དགའ་སྣང་དང་སྐྱོ་སྣང་འདྲེས་མར་འདུས་ཤིང་མིག་ཆུ་ཡང་རང་དབང་མེད་པར་ཤོར། སློབ་ཕྲུག་ཚང་མས་དགེ་རྒན་ལ་ཁ་བཏགས་སྒྲོན་རྗེས་ཤུགས་ཀྱིས་འཐམ་པ་དང་ངུ་ཤུམ་སོགས་བྱེད། དགེ་རྒན་རྣམ་པས་ང་ཚོར་སེམས་གསོ་བྱས་ཏེ་རྗེས་སུ་མཇལ་རྒྱུའི་གོ་སྐབས་ཡོད་རེད་ཅེས་གསུངས་ལ། ང་ཚོའི་སློབ་ཆུང་འཚོ་བ་ཡང་དེ་ལྟར་སྐྱོ་གདུང་གི་ཁྲོད་ནས་མཇུག་བསྒྲིལ་སོང་།

སློབ་འབྲིང་གི་རྒྱལ་སྒོ་ལས་ཐེངས་དང་པོར་འཛུལ་སྐབས། སློབ་གྲྭའི་ཁོར་ཡུག་ཤིན་ཏུ་ཡག་པོ་མཐོང་ལ། སྤོ་ལོ་རྒྱག་ས་ཡང་དེ་འདྲའི་ཆེ་བ་ལ་ཨང་བསམ་བྱུང་། དེ་རྗེས་ངས་ང་ཚོའི་འཛིན་བདག་རིག་བྱུང་བས། ཁོང་ནི་ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་དགེ་རྒན་བཟང་པོ་ཞིག་ཡིན་སྣང་ཤར།

སློབ་འབྲིང་དུ་སླེབས་པ་ན་སློབ་འབྲིང་གི་སློབ་ཚན་དེ་འཚོགས་ཡུན་རིང་བ་དང་། རིག་ཚན་མང་བ། ཁྱིམ་སྦྱོང་དང་བློ་འཛིན་རྒྱུ་སོགས་ཧ་ཅང་མང་བས། ཉིན་འགའ་ཤས་ང་རང་དཀའ་ལས་ཤིན་ཏུ་ཁག་པའི་སྣང་བ་བྱུང་། ད་དུང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་པའི་གོམས་གཤིས་མ་འཇགས་པའི་རྐྱེན་གྱིས་སློབ་ཚན་གྱི་སྐབས་སུ་གཉིད་དུ་སོང་བའང་ཡོད། ངས་རང་གིས་རང་ལ་འགྲམ་ལྕག་གཞུས་ཏེ་གཉིད་མི་ཁུག་པའི་ཐབས་བྱས་ན་ཡང་མིག་རང་དབང་མེད་པར་ཟུམ་འགྲོ་བས། ཐོག་མར་གཉིད་མི་ཁུག་པའི་ཆེད་དུ་ཁ་ཧྥེའི་གར་པོ་མང་པོ་འཐུང་གི་ཡོད། དེ་རྗེས་ཉིན་འགའ་ཤས་སོང་ཚར་རྗེས་སློབ་འབྲིང་གི་སློབ་སྦྱོང་འཚོ་བར་རིམ་བཞིན་གོམས་པར་གྱུར། སློབ་འབྲིང་ནི་སློབ་ཆུང་དང་མི་འདྲ་བར་སློབ་སྦྱོང་བྱེད་རྒྱུ་མང་ཆེ་བ་རང་གིས་དོ་དམ་བྱེད་དགོས་པ་དང་། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཉན་པ་ཙམ་མིན་པར་བསམ་བློ་མང་ཙམ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་འདུག །

སློབ་འབྲིང་ལ་སླེབས་ནས་ཟླ་བ་གཅིག་ལྷག་ཙམ་ལས་འདས་མིན་ན་ཡང་། ང་ལ་བརྗེད་པར་དཀའ་བའི་གནས་ཚུལ་མང་པོ་ཞིག་འཕྲད་བྱུང་། ང་ལ་ཐོབ་པའི་བསླབ་བྱ་གཙོ་བོ་ནི་སློབ་སྦྱོང་ཐོག་ལ་རང་འགུལ་དང་ནན་ཏན་བྱེད་རྒྱུ་དེ་འགག་རྩའི་ནང་གི་འགག་རྩ་ཡིན་པར་འདོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明