西藏青年报藏文版ཕྱོགས་བསྡུས། རི་བོ་དེ་བས་སྔོ་ལྗང་དང་མང་ཚོགས་དེ་བས་འབྱོར་ཕྱུག་ལྡན། རང་བྱུང་ཁམས་ཀྱི་འབོད་སྒྲ། སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པ།

放大 缩小 默认

སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པ།

གུང་གཞོན་སྡེ་ཚོགས་བྲག་ཡིབ་ཆུས་ཨུ་ལྷན་གྱིས་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་བརྒྱད་གཅིག་ཁྲིམས་འཛིན་སུའོ་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བརྒྱད་གཅིག་གྲོང་རྡལ་སློབ་ཆུང་དུ“སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོའི”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།

དུས་བདེའི་སློབ་གྲྭ་དང་ཁྲིམས་སྐྱོང་སློབ་གྲྭ་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། བྲག་ཡིབ་ཆུས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་ཆུས་སློབ་གསོ་ཅུས་ཀྱིས《བྲག་ཡིབ་ཆུས་ཀྱི་2024ལོའི“སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོ”དང“གུང་གསེང་གི་ཁྲིམས་སྐྱོང་སློབ་ཚན་དང་པོའི”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལག་བསྟར་ཇུས་གཞི》མཉམ་དུ་བཀྲམ་པ་རེད། འབྲེལ་ཡོད་ཚན་པ་ཁག་གིས་བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དུ“སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོའི”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明