西藏青年报藏文版ཕྱོགས་བསྡུས། རི་བོ་དེ་བས་སྔོ་ལྗང་དང་མང་ཚོགས་དེ་བས་འབྱོར་ཕྱུག་ལྡན། རང་བྱུང་ཁམས་ཀྱི་འབོད་སྒྲ། སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པ།

放大 缩小 默认

རང་བྱུང་ཁམས་ཀྱི་འབོད་སྒྲ།

ཚེ་སྲོག་གི་གླུ་སྐད་ས་གཞིའི་ལྟོ་བ་ནས་མཆེད་དུས། འཇིག་རྟེན་གྱི་ཁ་དོག་སྔར་བཞིན་ལྗང་མདོག་གི་སྤྲས་པའི་ཁྱིམ་གཞིས་ཤིག་གམ། ཡང་ན་རིན་ཆེན་གསེར་དངུལ་གྱི་གང་བའི་འཆི་མེད་ཀྱི་ཞིང་ཁམས་ཤིག་ལགས། དུས་དེར་འཇིག་རྟེན་གྱི་ཁྱིམ་གཞིས་ཧྲིལ་པོ་འདི་དང་། ཡང་སྒོས་སུ་དྭངས་གཙང་གི་རྫ་ཆུ་བསིལ་མའི་བཞུར་སྒྲ་དང་ཁུ་བྱུག་གི་གྲེ་འགྱུར་སྙན་པོའི་གླུ་སྒྲ་ཡིས་ཁྱེད་འཇིག་རྟེན་གྱི་ཞིང་ཁམས་སུ་འདྲེན་པར་ནུས།

ཡིན་ནའང་ད་ལྟ་ཚེ་སྲོག་གི་གླུ་སྐད་དང་མཛེས་སྡུག་གི་བཀྲག་མདངས་ཉམས་པའི་རང་བྱུང་ཁམས་འདིར་ཅི་ཞིག་གི་བར་ཆད་བྱུང་བ་ཡིན་ནམ། སྐྱ་མདོག་གི་མནར་བའི་བྱེ་ཐང་ཆེན་པོ་ཞིག་དང་། བཞུར་རྒྱུན་གྱི་སྲོག་རྩ་འགག་པའི་མུ་མེད་ཀྱི་མྱ་ངམ་ཐང་ཞིག་ལས་མཐོང་སྣང་དུ་མི་འདུག་སྟེ། བདག་སེམས་ན་གར་གྱི་རྩེན་པའི་ཤ་བ་ཡུ་མོ། དགུང་ཨ་སྔོན་གྱི་བང་རིམ་གར་སྟབས་ཀྱི་གཤོག་འགྱུར་ངོམས་པའི་བྱ་རྒོད། ད་དུང་དྭངས་གཙང་གི་མཚོ་ཀློང་ན་རྐྱལ་རྩལ་གྱི་འཁྱུག་བགྲོད་ངོམས་པའི་གསེར་ཉ་མང་པོ་གང་ཞིག་བྲོས་པའམ་ཡང་ན་ཡུལ་ལུང་གཞན་དུ་སོང་བ་ཡིན་ནམ། ངས་འདྲི་བ་འདི་ཡང་ཡང་བདག་ལ་དྲིས་ཤིང་རང་ཉིད་ཀྱི་བྲང་ཁར་ཡང་ཡང་ལག་སྙོབ་བྱས། ཡིན་ནའང་ང་ལ་འོས་འཚམས་ཀྱི་དྲིས་ལན་ཞིག་ད་བར་རྙེད་མ་སོང་། རང་བྱུང་ཁམས་སུ་འཚོ་གནས་བྱེད་པའི་མི་སྨྱོན་ཁྱོད་ཚོས་ཕ་མེས་ཡང་མེས་ཀྱི་ལེགས་བཤད་རྣ་རྒྱབ་ཀྱི་རླུང་བུར་བསྐུར་སོང་། ཁྱོད་ཚོས་རང་བྱུང་གི་ཆོས་ཉིད་ཅིག་ཀྱང་རྩིས་མེད་བཏང་། རང་བྱུང་ཁམས་ཀྱིས་ཁྱོད་ཚོར་རིན་ཐང་ལྡན་པའི་ལེགས་སྐྱེས་མང་པོ་ཞིག་འབུལ་མྱོང་ནའང་ཁྱོད་ཚོས་རིན་ཅན་ལ་དྲིན་ལོག་དང་གཡང་ཟོག་ལ་རྡོ་ཁ་བྱས། དེ་བས་རང་བྱུང་ཁམས་ཀྱི་ངོ་མཚར་མཛེས་སྡུག་བཅོམས། ཡིན་ནའང་རང་ཉིད་ཀྱི་ཕ་ས་འདྲ་བའི་རང་བྱུང་ཁམས་ཀྱིས་སྐྱེས་རྒུ་ཡོངས་ལ་བྱམས་སེམས་ཀྱི་བརྩེ་བ་ནི་རྒྱུན་ཆད་མི་མྱོང་། འོ་མའི་རྒྱུན་དང་མཚུངས་པའི་དྭངས་གཙང་གི་ཆུ་བོ་དང་གཙང་ཆབ་སྔོན་མོས་ང་ཅག་གི་ཚེ་སྲོག་ལ་གསོན་ཤུགས་བསྩལ། མདོར་ན་གྲངས་ཀྱི་མི་ལང་བའི་བཀའ་དྲིན་གྱིས་སྦྲང་ཆར་ཡང་ང་ཚོའི་འཚོ་གནས་རིལ་མོ་འདི་གཏོར་མྱོང་བ་ཨང་།

དེ་བས་ང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་འདིའི་ཆེད་དུ་དུས་དེ་རིང་ནས་བཟུང་སྟེ་སྐྱེ་ཁམས་ཀྱི་ཞིང་ཁམས་ཤིག་དང་ལྗང་མདོག་གི་ཁོར་ཡུག་བསྐྲུན་རྒྱུར་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཤུགས་བརྒྱབ་ཅིག །

བསོད་བཀྲ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明