西藏青年报藏文版རྩོམ་རིག་དགའ་ཚལ།  ༄༅། །སྐྲ་ལོ་དཀར་པོ། ༄༅། །ཁ་པར། ༄༅། །ངའི་ཨ་མ་ལགས། ༄༅། །མུན་སེལ་སྒྲོན་མེ།

放大 缩小 默认

༄༅། །སྐྲ་ལོ་དཀར་པོ།

□ 作者 བློ་བཟང་ཆོས་སྒྲོན།

ཉི་མ་ལ་ལ་བཞུད་དུས། །གྲིབ་གཟུགས་ས་ལ་བབས་བྱུང་། །མ་མོས་ལུ་གུ་འཁྲིད་དུས། །ང་ཡང་མ་ཡུམ་དྲན་བྱུང་། །

བཀའ་དྲིན་ཅན་གྱི་མ་ཡུམ། ཁྱེད་ནི་ཁོ་མོའི་སེམས་གཏིང་གི་བརྟེན་ས། ཁྱེད་ནི་བདག་སྐྱོང་མཁན་གྱི་ལྷ་མོ། ཁྱེད་ནི་བདག་ལ་ཚེ་སྲོག་སྦྱིན་མཁན་གྱི་དྲིན་ཆེན་མ། མ་ཡུམ་ཡཱ། མ་ཡུམ། ཁྱེད་ཀྱི་བཀའ་དྲིན་ནི་ངའི་སྙིང་ཁོངས་རུས་པར་བཀོད་ཡོད།

དེང་གི་སྤྱི་ཚོགས་འདིར་བྱོལ་སོང་དུད་འགྲོ་ལས་སྡུག་པ་འགའ་ཤས་ཡོད་པ་དེ་དག་གིས་རང་ཉིད་ལ་ཚེ་སྲོག་སྦྱིན་ནས་གསོ་སྐྱོང་བྱེད་མཁན་གྱི་ཨ་མ་ལགས་ལ་ལག་པ་བཀྱགས་ནས་གཞུ་བ་དང་། ཐ་ན་གདོན་འདྲེ་ལྟ་བུ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཕ་མ་འཆི་བདག་གི་ལག་ཏུ་བསྐྱལ་བ་དེ་དག་ནི་ངོ་མ་མིའི་མཚན་ཉིད་ཚང་ཡོད་དམ། ཐ་ན་ལུ་གུ་ཆུང་ཆུང་ཞིག་ཡིན་ནའང་འོ་མ་བཏུང་སྐབས་པུས་མོ་སར་བཙུགས་ནས་བཏུང་གི་ཡོད། ཇ་ལན་ཆུས་འཇལ། །དྲིན་ལན་ལོག་འཇལ། །ཞེས་བའི་གཏམ་དཔེ་དེ་ངོ་མ་ཁོ་ཚོ་དང་མཚམས་སོ། །སྐྱེ་བོ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཨ་མ“བྲན་གཡོག”ལྟར་དུ་སྐུལ་བ་དང་། རང་ཉིད་ཀྱི་ཨ་ཕ “དངུལ་ཁང”དུ་རྩིས་ནས། ཉིན་ལྟར་དངུལ་འཁྱེར་ཤོག་ཟེར་བས་ཁོ་ཚོའི་སེམས་དེ་ལྕགས་ཀྱིས་བཟོས་པ་མིན་ནམ་སྙམ། ཡང་ན་ཁོ་ཚོས་མ་ཡུམ་ནི “གློག་འགུལ་འཁྲུལ་ཆས”དང་ཡབ་ཆེན་ནི “དངུལ་པར་འཁྲུལ་ཆས”སུ་རྩིས་པ་ཡིན་ནམ། གང་ལྟར་ངས་ཁྱེད་རྣམས་ལ་བཤད་འདོད་པ་ནི་ཁོང་རྣམ་གཉིས་ཀྱི་སྐུ་གཟུགས་ནི་ལྕགས་རྡོས་གྲུབ་པ་ཞིག་མིན་ཏེ། ཤ་ཁྲག་ལས་གྲུབ་པའི་སྐྱེ་བོ་རང་ག་བ་ཞིག་ལགས།

མ་ཡུམ་ཡཱ་མ་ཡུམ། ཁྱེད་ནི་འཇིག་རྟེན་གྱི་ལྷ་མོ་གསོན་པོ་ཞིག ཁྱེད་མེད་ན་ང་ཡོད་མི་སྲིད་ལ། ཁྱེད་མེད་ན་ངའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་དེ་ཡང་ཡོད་མི་སྲིད། བདག་གི་ཡུམ་ཆེན་ལགས། མ་གཞི་ཁོ་མོ་ཆུང་སྦར་མོ་གང་ནས་ཁྱེད་རང་གཅིག་པུས་གསོ་སྐྱོང་གནང་བ་ཡིན་ནའང་། ཁྱེད་ཀྱིས་ཁོ་མོ་མི་གཞན་གྱི་རྗེས་སུ་ལུས་བཅུག་མ་མྱོང་། ཁྱེད་ཀྱིས་ཟས་གང་ཞིམ་དང་གོས་གང་ཡག་རང་ཉིད་ཀྱིས་སྤྱོད་མི་ཕོད་པར་ཡོད་ཚད་བདག་ལ་སྦྱིན། དེ་ལྟ་བུའི་རླབས་ཆེན་གྱི་བརྩེ་བ་སྦྱིན་མཁན་ཞིག་ལ། ང་ཚོས་མང་པོ་ཞིག་སྤྲད་མི་ཐུབ་ཀྱང་། བརྩེ་བ་དེ་རྡོག་རོལ་དུ་མི་གཏོང་བ་ནི་ཅི་འདྲའི་གལ་ཆེ་བ་ཞིག་ཨང་། ཕ་བཟང་པོའི་རུས་པར་གསེར་རྒྱན་མི་ཐུབ་རུང་། །སྐྲ་དཀར་པོ་སྐྱི་བསེར་རླུང་ལ་མ་བསྐུར། །ཞེས་པ་ལྟར་དྲིན་ལན་འཇལ་མ་ཐུབ་ཀྱང་། གནོད་པ་གཏན་ནས་བསྐྱལ་མི་རུང་།

འུ་ཅག་སྐྱེ་བོ་རྣམས་ཀྱིས་ཕ་མ་འགྲམ་དུ་བཞུགས་དུས། ཕ་མར་སྐད་ཆ་མང་ཙམ་བཤད་རོགས་དང་། ཕ་མའི་ཞབས་བསིལ་བ། སེན་མོ་བཏུབ་པ། འཕུར་མཉེད་གཏོང་བ་སོགས་མདོར་ན་ཕ་མ་དགྱེས་པའི་ལས་མང་ཙམ་བྱེད་དགོས་ལ། ལྷག་པར་ཕ་མའི་འགྲམ་དུ་སྡོད་པའི་དུས་སྐབས་རེ་རེར་ངེས་པར་དུ་གཅེས་འཛིན་བྱ་དགོས། ཉིན་ཞིག་ཕ་མ་གཉིས་དུས་ནམ་ཡང་ང་ཚོ་དང་གྱེས་བྲལ་དུ་སོང་བའི་དབང་དུ་བཏང་ན། དེའི་སྐབས་ཁྱེད་ཀྱིས་འགྱོད་སེམས་ཁྲག་གི་མིག་ཆུ་བཏང་ཡང་ཕན་འདོད་རེ་བ་འབྲས་མེད་ཡིན། འུ་ཅག་སྐྱེ་བོ་རྣམས་ཀྱིས་དུས་རྟག་ཏུ་ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང་། །ཞེས་གསུངས་པ་ལྟར། འགྲམ་དུ་ཡོད་དུས་གཅེས་སྤྲས་མ་བྱས་ན། མེད་པ་ཆགས་རྗེས་འགྱོད་པ་སྐྱེས་ན་ཡང་ཕྱིས་དྲག་པ་ཡིན། མཐར་ང་ཚོས་ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་པ་ལས་ཁོང་རྣམ་གཉིས་ཀྱིས་བཀའ་དྲིན་ལོག་འཇལ་བྱེད་མི་རུང་། །

ལྷ་ས་མཐོ་འབྲིང་གཉིས་པ། ༢(༦)

ཟུར་ཁྲིད་དགེ་རྒན། འཆི་མེད་དབང་མོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明