西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ངའི་ཁྱིམ་གྱི་གྲོགས་བཟང་། ༄༅། །ངའི་སྙིང་དབུས་ཀྱི་སྒྲོན་མེ། ༄༅། །སྐྱེད་མ། ༄༅། །ང་ཡི་ཕ་ཡུལ། ༄༅། །ང་ཡི་དགའ་བའི་དགེ་རྒན།

放大 缩小 默认

༄༅། །སྐྱེད་མ།

□ 作者 ཚེ་དབང་གཡང་འཛོམས།

གལ་ཏེ་ཁྱོད་ནི་ཡལ་གས་བརྗིད་པའི་ལྗོན་ཤིང་དེ་ཡིན་ན། ང་ནི་ལོ་འདབ་གསེབ་ཀྱི་མངོན་ཆུང་གི་འབྲས་བུ་དེ་ཡིན། ཁྱོད་ཀྱིས་འགེབས་སྲུང་དང་གསོ་ཚགས་ཡོད་པས། ད་གཟོད་ངའི་མེ་ཏོག་མཚར་ལ་འབྲས་བུ་མངར། གལ་ཏེ་ཁྱོད་ནི་དྲི་མེད་ཤོག་དཀར་དེ་ཡིན་ན། ང་ནི་ཤོག་སྟེང་དུ་འགྱུ་བའི་ཡིག་གཟུགས་དག་ཡིན། ཁྱོད་ཀྱིས་དཀར་གཙང་གི་སྦྱིན་པ་ཡོད་པས། ད་གཟོད་ངའི་གཟུགས་རིས་མཛེས་སྔུག་གིས་མངོན་ཐུབ། གལ་ཏེ་ཁྱོད་ནི་ཡངས་པའི་ས་གཞི་དེ་ཡིན་ན། ང་ནི་འཚར་སྟོབས་ཀྱིས་འགུལ་བའི་ས་བོན་ཆུང་ཆུང་ཞིག ཁྱོད་ཀྱིས་ཉི་མའི་དྲོད་དང་ཆར་བཅུད་ང་ལ་སྦྱིན་པས། ད་གཟོད་ང་རང་སྔོན་པོའི་ལྗང་པ་རུ་འཚར་ལོངས་བྱུང་། གལ་ཏེ་ཁྱེད་ནི་མུ་མེད་ཀྱི་རྩྭ་ཐང་དེ་ཡིན་ན། ང་ནི་བང་རྩལ་གྱིས་ཕྱུག་པའི་ཅང་ཤེས་ཀྱི་རྟ་ཕོ་ཞིག་སྟེ། ཁྱེད་ཀྱིས་རང་དབང་དང་བདེ་ཐང་ང་ལ་སྦྱིན་པས། ད་གཟོད་གཞི་ནས་ངའི་བང་རྩལ་གྱི་འགྲོས་ཚད་རྒྱས་བྱུང་། གལ་ཏེ་ཁྱེད་ནི་དགུང་ཨ་སྔོན་དབྱིངས་ཀྱི་གསེར་མདོག་ཉི་མ་དེ་ཡིན་ན། ང་ནི་འདབ་མ་བརྒྱད་ལྡན་གྱི་པད་མ་ཞིག་སྟེ། ཁྱེད་ནས་ཉི་འོད་ཀྱི་བྱམས་སྐྱོང་དང་ཐུགས་ཁུར་འོག་ངའི་འཚར་ལོངས་ཀྱི་ཟེའུ་འབྲུ་རབ་ཏུ་སྐྱེས།

ཁྱེད་ཀྱི་དབྱངས་ཅན་ལྷ་མོ་འདྲ་བའི་གསུང་གི་བསླབ་བྱ་ལས། སྙན་ངག་གི་བུ་ཕྲུག་ང་ཚོ་དྲང་བདེན་གྱི་ལམ་དུ་བསྐྱོད། ཁྱེད་ཀྱིས་ཕྱག་ན་པདྨ་འདྲ་བའི་བྱམས་སྐྱོང་གི་ཕྱག་ཟུང་ལས་བུ་ཕྲུག་ང་ཚོ་སྡུག་བསྔལ་གྱི་གནས་ལས་གྲོལ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明