西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ངའི་ཁྱིམ་གྱི་གྲོགས་བཟང་། ༄༅། །ངའི་སྙིང་དབུས་ཀྱི་སྒྲོན་མེ། ༄༅། །སྐྱེད་མ། ༄༅། །ང་ཡི་ཕ་ཡུལ། ༄༅། །ང་ཡི་དགའ་བའི་དགེ་རྒན།

放大 缩小 默认

༄༅། །ངའི་སྙིང་དབུས་ཀྱི་སྒྲོན་མེ།

□ 作者 སྐལ་བཟང་ལྷ་མོ།

ངས་ཁྱེད་རང་མཚན་མོའི་མུན་ཁྲོད་ཀྱི་སྒྲོན་མེ་ཟེར་ན་ཆོག ཡང་ཁྱེད་རང་མུན་པའི་ཀློང་གི་འོད་ཟེར་ཟེར་ན་ཆོག ངའི་སེམས་ནང་ཁྱེད་རང་དཀར་གཙང་མཇལ་དར་ལྟ་བུ་ཞིག་དང་། ས་འཛིན་དཀར་པོའི་རྗེས་སུ་རྐང་པ་འཇོག་པའི་མི་ཆེན་སྟོབས་ཆེན་ཞིག་ཏུ་བསྒོམ་ནས་ཡོད།

ཁྱེད་ཀྱི་མཁྱེན་ནམ། བདག་ལྟ་བུའི་འུག་པ་ཉིན་མོར་བསྐྱོད་པའི་སློབ་མ་ཞིག་ལ་ཆ་མཚོན་ན་ཁྱེད་རང་མཇལ་བའི་ཉིན་དང་པོ་དེ་ནས་བཟུང་དུས་ནམ་ཡང་ངའི་མི་ཚེའི་ཁ་ཕྱོགས། ངའི་རིན་ཐང་གི་ལྟ་བ། ངའི་ཕུགས་བསམ། ཡོད་ཚད་ཀྱི་ཡོད་ཚད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་སྔར་ལས་ཀྱང་རང་ཚུགས་བརྟན་དུ་བཏང་སོང་། ངས་ཐོག་མར་རིག་གནས་ལ་འཛིན་པའི་རྣམ་འགྱུར་དེ་ནི་མི་མང་ཆེ་བས་ཧ་ལས་དགོས་པ་ཞིག་དང་ཧང་སངས་དགོས་པ་ཞིག་རེད། ངས་ཐོག་མར་རིག་གནས་སློབ་སྦྱོང་བྱས་པས་མཐར་ཕན་ཅི་ཡང་མི་ཐོག་སྙམ་ནས་བསྡད་པའི་ཚེ། མཐར་རིག་གནས་ལས་ངའི་ཀྱག་ཀྱོག་གི་ལམ་བུ་ལ་གློ་བུར་དུ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་འདྲེན་བྱེད་ལམ་དུ་འཆར་འོང་། དེ་ནི་ཁོང་གིས་ང་ལ་སྦྱིན་པའི་ལམ་བུ་དེ་ཡིན། རྒན་ལགས་ཁྱེད་རང་ཞལ་མཇལ་བྱུང་བ་ནས་ངའི་རྨོངས་མུན་གྱི་ཡོལ་བའི་ངོས་སུ་ཤེས་རབ་ཀྱི་འོད་སྣང་ལྷམ་མེར་བཀྲ་བས་འདུན་མ་ཡི་བཞུད་ལམ་ལ་མདུན་བསྐྱོད་བྱེད་པའི་སྤོབས་པ་ལྷག་ཏུ་བསྩལ་བྱུང་།

གལ་ཏེ་ང་རང་དབྱངས་ཅན་ལྷ་མོའི་དབྱངས་རྟའི་མགྲིན་རྔ་རྡུང་བར་ལྷག་ཏུ་སྤྲོ་བའི་གཞས་མ་ཞིག་ཡིན་ཚེ། ངས་གླུ་ཚིག་དབྱངས་སུ་གྱེར་ནས་ཁྱེད་ཀྱི་དཀར་པོ་འོ་མའི་ལྷག་བསམ་ལ་བསྟོད་གླུ་ལེན་སྲིད། གལ་ཏེ་ང་རང་ཚིག་གི་སྦྱོར་བ་ལ་མཁས་པའི་སྨྱུག་ཐོགས་པ་ཞིག་ཡིན་ཚེ། ངས་དུང་སེམས་མཚོན་པའི་སྙན་ངག་ལམ་ནས་བརྩེ་བ་རྒྱ་མཚོ་ལས་ཀྱང་ཟབ་པའི་ཐུགས་ཀྱི་བརྩེ་བར་བསྟོད་གླུ་ལེན་སྲིད། གལ་ཏེ་ང་རང་གྲགས་པ་ཕྱོགས་བཅུར་འབར་བའི་རི་མོ་བ་གྲགས་ཅན་ཞིག་ཡིན་ཚེ། ངས་རྩ་བའི་ཁ་དོག་བཞི་དང་ཡན་ལག་གི་ཁ་དོག་བརྒྱད་ལ་བརྟེན་ནས་ཁྱེད་ཀྱི་ཞལ་རས་པད་མའི་འདབ་བརྒྱ་ལྷུག་པར་གྲོལ་བའི་སྐུ་བརྙན་དེ་རི་མོར་ཕབ་འདོད་དོ། །

ང་ཡི་རྒན་ལགས་ཁོང་གིས་དུས་རྟག་ཏུ་ལས་གནས་དཀྱུས་མའི་ཐོག་ཏུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བཀྱོན་གནང་བར་སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན། རྒན་ལགས་ཁོང་ནི་སློབ་གྲྭའི་ནང་མིང་དོན་མཚུངས་པའི་ཕུལ་བྱུང་གི་དགེ་བའི་བཤེས་གཉེན་ཞིག་དང་། མིང་དོན་མཚུངས་པའི་ཨ་མ་ལྟ་བུ་ཞིག་ཡིན། ཁོང་གིས་རང་ཉིད་ཀྱི་སློབ་གསེང་དུས་ཚོད་ཡོད་ཚད་ང་ཚོའི་ཆེད་དུ་བེད་སྤྱོད་གནང་བས་ཡིད་སེམས་དགའ་བ་འབུམ་གྱིས་མྱོས།

ཁྱེད་ནི་ང་ཡི་མདུན་ལམ་གསལ་བར་བྱེད་པའི་སྒྲོན་མེ་ཡིན་ལ། ང་ལ་རེ་བ་ཡིས་འོད་སྣང་སྦྱིན་མཁན་གྱི་རྟ་བདུན་དབང་པོ་དེ་ཡིན། ཁྱེད་ནི་ང་ཡི་སྐྱོ་གདུང་གི་འཁྱགས་རོམ་གཞོམ་པའི་དྲོད་ཁོལ་མེ་དཔུང་དེ་ཡིན་ལ། ང་ལ་དམ་བཅའི་ཕུར་པ་བྲག་ལ་རྒྱག་མཁན་གྱིས་དེད་དཔོན་དེ་ཡང་ཡིན་ནོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣(༤)

ཟུར་ཁྲིད་དགེ་རྒན། སྐལ་བཟང་རྒྱལ་མཚན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明