西藏青年报藏文版ཕྱོགས་བསྡུས། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་བདེ་ཐང་ ཁྱིམ་ཚང་འཛུགས་སྐྱོང་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་2431མང་དུ་བཏང་བ། གུང་གསེང་རིང་དཔེ་དེབ་བཀླགས་ནས་ཤེས་རྒྱ་ཆེ་རུ་གཏོང་བ།  ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་འཚོགས་པ། རྩྭ་ཉག་མ་གཅིག་ཡིན་ཀྱང་སྲུང་སྐྱོབ་བྱ་དགོས།

放大 缩小 默认

རྩྭ་ཉག་མ་གཅིག་ཡིན་ཀྱང་སྲུང་སྐྱོབ་བྱ་དགོས།

□ 作者 བསོད་བཀྲ།

རྩ་ཕྲན་ནི་སྤྱིར་བཏང་བ་ཞིག་ག་ལ་ཡིན། དེར་བརྟེན་མིའི་རིགས་ཀྱི་འཚོ་སྡོད་མཁན་རྣམས་ཀྱིས་རྩ་ཕྲན་ནས་འགོ་བཙུགས་ཏེ། ནོར་འཛིན་གོ་ལའི་རྩེ་མོར་དཔྱིད་ཀྱི་དཔལ་མོ་སླེབས་ཐེངས་རེ་རེ་མུ་མཐའ་བྲལ་ཞིང་རྒྱ་ཆེ་བའི་རྩྭ་ཐང་གི་ཐོག་ཏུ་མཐོང་བ་ནི་གཡུ་མདོག་གི་མཛེས་ཉམས་ལྡན་པའི་རྩྭ་ཕྲན་དེ་དག་ཡིན། རྩྭ་ཕྲན་ནི་རྩི་ཤིང་སྣ་ཚོགས་ཀྱི་ནང་ནས་ཆེས་ཆུང་ངུའི་གྲས་ཤིག་ཡིན་སྟབས། མིའི་རིགས་ཀྱི་འཚོ་སྡོད་བྱེད་མཁན་འགའ་ཤས་ཀྱི་དེ་ལ་གཅེས་སྤྲས་བྱ་རྒྱུ་ལྟ་ཅི་ཐ་ན་དེ་ཡི་ནུས་པ་གང་ཐོན་པའང་ཇི་ལྟར་རྟོགས། ཡིན་ནའང་རྩྭ་ཕྲན་ནི་མེ་ཏོག་དང་ལྗོན་ཤིང་ལ་སོགས་རྩི་ཤིང་གཞན་རྣམས་དང་འདྲ་བར་ཕན་ནུས་ཆེན་པོ་ཡོད་པས་འགྲོ་བ་མིའི་རིགས་ཡོངས་ཀྱིས་རྩྭ་ཕྲན་ལ་ངེས་པར་དུ་གཅེས་སྤྲས་བྱེད་དགོས།

རྩྭ་ཕྲན་ཉག་མ་དེ་དག་རེ་རེ་བཞིན་རང་ཚུགས་སུ་གནས་པའི་གོ་ལའི་སྤང་ཐང་དུ་སྐྱེས་པས་མཛེས་སྡུག་ལྡན་ལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་འདི་གྲུབ་ཕྱིར་ན། ས་ཆུ་བརླན་གཤེར་འཛོམས་པའི་ཡུལ་གང་རུང་དུ་སྐྱེ་བར་ངེས། ཡིད་གཞུང་ཁོག་ཡངས་དང་ལྡན་ཞིང་ཁེར་གྲགས་ཧམ་གཉེར་གྱི་ཀུན་སློང་རིང་དུ་དོར་ནས། མེ་ཏོག་ལ་སོགས་པ་རྩི་ཤིང་གཞན་རྣམས་ཀྱི་འོག་ཏུ་སྤོབས་སེམས་དང་བྲལ་ཏེ། བློ་རྩ་བརྟན་པོས་ཁ་བ་བུ་ཡུག་དང་དྲག་ཆར་རླུང་འཚུབ་སོགས་གང་ཞིག་གིས་ཀྱང་གནོད་སྐྱོན་དང་རྩ་གཏོར་གཏོང་མི་ཐུབ་པར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་རྒྱས་བཞིན་མཆིས། རྩྭ་ཕྲན་དེ་དག་གི་རང་བཞིན་དང་སྙིང་སྟོབས་ནི་གང་འདྲ་ཞིག་གིས་ཀྱང་བསྡུར་ཐབས་བྲལ་བ་ཞིག་མ་རེད་དམ།

ནོར་འཛིན་སྒེག་མོའི་ཁྱོན་དུ་རྩྭ་ཕྲན་ལ་མོས་གུས་བྱེད་པའི་རྒྱུ་མཚན་དང་གནས་ལུགས་ནི་རྩྭ་ཕྲན་ལ་དཔའ་ངར་དང་སྙིང་སྟོབས་ལྡན་ལ་རློམ་སེམས་བྲལ་ཞིང་ཞི་འཇམ་ངང་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་མཁོ་འདོན་དང་བརྩོན་ལེན་བྱེད་ཆེད་དུ་རང་ལུས་ཕངས་མེད་དུ་སྦྱིན་པའི་བློ་སྟོབས་ལྡན་ཡོད།

འོན་ཀྱང་གོ་ལ་འདིར་གནས་པའི་སྐྱེ་བོ་ཐ་ཤལ་འགའ་ཞིག་གིས་ཕྲག་ཐོག་དང་ང་རྒྱལ་གྱིས་རང་བྱུང་ཁམས་འདིའི་མཛེས་རྒྱན་དུ་གྱུར་པའི་རྩྭ་རྩི་ཤིང་དེ་དག་གི་ཚེ་སྲོག་རྡོག་རོལ་དུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་ངང་མཉམ་གནས་དང་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བཞིན་ཡོད་པས་བྱ་སྤྱོད་དེ་རིགས་ལ་ངེས་པར་དུ་སྔོན་འགོག་གཙང་སེལ་དང་ཚོད་འཛིན་བྱེད་དགོས་པ་མ་ཟད། མིའི་རིགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་སོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ལྗིད་པོ་ཞིག་ཀྱང་ཡིན།

རང་བྱུང་ཁམས་ལ་སྲུང་སྐྱོབ་རྒྱུན་མཐུད་བྱས་ན་མིའི་རིགས་འཚོ་སྡོད་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ནོར་འཛིན་གོ་ལ་འདི་ཡང་མཛེས་སྡུག་དང་ངོ་མཚར་གྱི་ཡུལ་གྲུ་ཁྱད་པར་ཅན་ཞིག་ཏུ་གྱུར་རྒྱུ་ཉག་ཅིག་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明