西藏青年报藏文版ཕྱོགས་བསྡུས། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་བདེ་ཐང་ ཁྱིམ་ཚང་འཛུགས་སྐྱོང་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་2431མང་དུ་བཏང་བ། གུང་གསེང་རིང་དཔེ་དེབ་བཀླགས་ནས་ཤེས་རྒྱ་ཆེ་རུ་གཏོང་བ།  ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་འཚོགས་པ། རྩྭ་ཉག་མ་གཅིག་ཡིན་ཀྱང་སྲུང་སྐྱོབ་བྱ་དགོས།

放大 缩小 默认

ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་འཚོགས་པ།

ཉེ་ཆར། དུས་ཡུན་ཉིན་བཅུ་ཡི“དགུན་དུས་བྱིས་སེམས་དྲོ། གཅེས་སེམས་སློབ་གྲྭ་འཚོགས”ཞེས་པའི་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་སློབ་མཇུག་སྒྲིལ་བའི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་གཉེར་བ་རེད།

གཞིས་ལུས་བྱིས་པར་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་དགུན་ཁའི་གུང་གསེང་གི་སློབ་ཞོར་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་འོག་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ“དགུན་དུས་བྱིས་སེམས་དྲོ། གཅེས་སེམས་སློབ་གྲྭ་འཚོགས”ཞེས་པའི་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭར་སྦྱོང་ཚན་ཟུར་ཁྲིད་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཚན། བདེ་འཇགས་སློབ་གསོ། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ། སློབ་ཕྱིའི་དགའ་ཕྱོགས་སློབ་ཚན་སོགས་ཀྱི་ནང་དོན་ཡོད་ཅིང་། གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་ཀྱི་ལྟ་སྦྱོང་བ་6དང་དེ་བཞིན་སེམས་ཁམས་དང་། བཟའ་བཅའ། འགྲིམ་འགྲུལ། ཁྲིམས་འཛིན། མེ་ཟོན་སོགས་ཁྱབ་ཁོངས་ཀྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཟུར་ཁྲིད་འཛིན་གྲྭའི་དགེ་རྒན་ལ་གདན་དྲངས་ཏེ། དང་བླངས་པ་སོ་སོའི་ཁྱད་ཆོས་དང་སློབ་མ་ཚོའི་དགོས་མཁོ་ཟུང་འབྲེལ་གྱིས“རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི”འདུ་ཤེས་བཅངས་ནས་སྦྱོང་ཚན་ཟུར་ཁྲིད་བྱས་ཤིང་། དེའི་ནང་ཕྱི་ལ་གླ་པ་རྒྱུག་མཁན་གྱི་བུ་ཕྲུག་དང་། ཞིང་འབྲོག་པའི་བུ་ཕྲུག གཞིས་ལུས་བྱིས་པ་བཅས་ཁྱོན་100ལྷག་ཙམ་བསྡུས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明