西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྭངས་གཙང་གི་སེམས་ཁམས། ཁྱེད་གང་དུ་ཡོད།  ༄༅། །དྲན་གསོའི་རི་མོ། ༄༅། །སློབ་གཉེར་དང་ཕུགས་བསམ།

放大 缩小 默认

༄༅། །དྭངས་གཙང་གི་སེམས་ཁམས། ཁྱེད་གང་དུ་ཡོད།

□ 作者 བུང་ཆུང་།

གནའ་སྔ་མོའི་བཤད་སྲོལ་ལྟར་ན་མཚན་གུང་ལ་དགུང་ཨ་སྔོན་དབྱིངས་ནས་རྒྱུ་སྐར་རེ་རེ་འཁྱུག་པ་ན་མི་ཡུལ་འདིའི་སྟེང་གི་ཚེ་སྲོག་རེ་རེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡིན་གསུངས། ཡང་སྐར་མ་རེ་རེ་འཁྱུག་པའི་ཚེ་རང་རང་གི་སྨོན་ལམ་བརྒྱབ་ནའང་དེ་མངོན་འགྱུར་ཡོང་གི་ཡོད་གསུངས། གལ་ཏེ་སྔོན་མ་དེ་ལྟ་བུ་ཡིན་ཚེ་ནམ་མཁའི་སྐར་ཚོགས་ནི་གྲངས་ཀྱིས་མི་ལང་བ་ཡོད་པས་བསྐལ་པའི་ཚོགས་འདི་སྟོངས་པའི་དུས་ནི་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད།

ང་རང་ཆུང་བྱིས་པའི་དུས་སུ་སྔོ་སངས་ནམ་མཁའི་སྟེང་གི་སྐར་ཚོགས་རྣམས་ལ་དུང་ལ་ག་བུར་དབང་པོ་དེ་ལ་དེ་བས་དགའ། དྲན་ཤེས་ཀྱི་དབང་པོའི་ནང་དུ་ད་དུང་བྱིས་དུས་ཀྱི་བྱིས་གླུ་དེ་གསལ་ལྷམ་མེར་ངེས་ཀྱི་འདུག “སྤོ་བོ་ཟླ་དཀར་ལགས་ཀྱིས་བག་ལེབ་གནང་གི་འདུག་གསུངས་ཀྱིས། ལག་ཆུང་གཙང་མ་མེད་ན་བག་ལེབ་མི་འདུག་གསུངས་ཀྱིས” ད་ལྟ་གླུ་དེ་ཐོས་དུས་ང་རང་སྒོ་རའི་ནང་དུ་རྐུབ་སྟེགས་གཅིག་གི་ཐོག་ཏུ་བསྡད་དེ་ལག་པ་གཉིས་པོ་གཙང་མར་བཀྲུས་ནས་བཅོ་ལྔའི་ཟླ་བར་གླུ་འདི་ལེན་པའི་སྣང་བ་ཞིག་འཆར་བཞིན་འདུག ལྷག་དོན་དུ་ང་རང་ནི་ཨ་མ་ལགས་དང་རྒན་རྒོན་རྣམས་ཀྱིས་གསུངས་པའི་ཟླ་བའི་སྲས་མོ་དང་རི་བོང་བློ་ལྡན། གཟའ་ཨོག་རལ་གྱིས་ཟླ་བ་འཛིན་པ་སོགས་ཀྱི་བྱིས་སྒྲུང་ལ་ཤིན་ཏུ་དགའ་བས་ཉ་གང་ཟླ་བ་ནི་བྱིས་དུས་ཀྱི་ལོངས་སྤྱོད་ཅིག་དང་དབྱེར་མ་མཆིས། དེང་དུས་ཀྱི་རྩོམ་ཡིག་མང་པོ་ཞིག་གི་ནང་དུ“ཚེས་གསུམ་ཟླ་བ་ཟོར་བའི་དབྱིབས་དང་འདྲ” “ཚེས་གསུམ་ཟླ་བ་མཛེས་མའི་དཀྱུས་རིང་འདྲ”ཞེས་མཛེས་པའི་ཆ་ནས་བསྟོད་བསྔགས་མང་པོ་བཏང་འདུག འོན་ཀྱང་ངའི་ངོས་ནས་བརྗོད་ན་མར་ངོའི་ཟླ་བ་དང་ཡར་ངོའི་ཟླ་བ་ནི་ལྷུ་ལག་མི་ཚང་བའི་ཅ་དངོས་ཤིག་དང་དབང་པོ་མི་ཚང་བའི་སྐྱོན་ཅན་ཞིག་ལ་མཐོང་བས་སེམས་དེ་ཡང་ཟླ་བའི་འཕེལ་རིམ་བཞིན་འགྱུར་རོ། །འོན་ཀྱང་ང་རང་རིམ་བཞིན་འཚར་ལོངས་ཡོང་བས་ལོ་ཟླའི་འཕོ་འགྱུར་དང་ལང་ཚོའི་འགྱུར་བ་སོགས་ལ་བརྟེན་ནས་བྱིས་དུས་ཀྱི་དྭངས་གཙང་ལྷད་མེད་ཀྱི་བློ་དེ་དུས་ཚོད་ཀྱི་འཁོར་ལོ་དང་བསྟུན་ནས་རིམ་བཞིན་ལོ་རྒྱུས་ཀྱི་རྒྱ་མཚོ་ཆེན་པོའི་ནང་དུ་ལྷུངས་ཟིན། ལོ་ཟླའི་གོམ་འགྲོས་དང་ལྷན་དུ་ང་རང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འདིའི་སྟེང་རིམ་བཞིན་ཞེ་སྡང་དང་སེར་སྣ། གཡོ་སྒྱུ་དང་ང་རྒྱལ། ཐ་ན་འཁོན་སེམས་སོགས་རིམ་གྱིས་ཤེས་པས་བྱིས་དུས་ཀྱི་དྭངས་གཙང་ལྷད་མེད་ཀྱི་བློ་དེ་དང་རིང་དུ་གྱེས་པའི་ཚོར་སྣང་ཡོང་གི་འདུག

འདས་བཞིན་པའི་ལོ་ཟླས་སྔར་སོང་གི་བྱིས་སྒྲུང་ནང་གི་དྭངས་གཙང་ལྷད་མེད་ཀྱི་རྣམ་པ་དེ་གནས་མི་འདུག་གོ །ཨེ་མ་སྔར་སོང་བྱིས་སྒྲུང་ནང་གི་མཛེས་སྡུག་ཡིད་དུ་འོང་ལ་རང་གཤིས་བལ་ལས་འཇམ་པའི་དྭངས་གཙང་གི་སེམས་ཁམས་ཁྱེད་ད་ལྟ་གང་དུ་ཡོད་དམ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明