西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཉི་མ་ལྷ་སའི་ས་སྲོད། ༄༅། །སྒྲོན་མེ། ༄༅། །ང་ཡི་རྒན་ལགས། ཇ་འཐུང་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

放大 缩小 默认

༄༅། །ང་ཡི་རྒན་ལགས།

□ 作者 བཀྲ་ཤིས་ལྷ་མོ།

དགེ་རྒན་ནི་སྒྲོན་མེ་ཞིག་དང་འདྲ་བར་རང་གི་ཡོད་ཚད་ལེགས་སྐྱེས་སུ་འབུལ་བཞིན་ཡོད། ང་ལ་སྒྲོན་མེ་ལྟར་འདྲ་བའི་རྒན་ལགས་ཞིག་ཡོད། ཁོང་ནི་ང་ཚོའི་བོད་ཡིག་རྒན་ལགས་ཡིན། བོད་ཡིག་རྒན་ལགས་ཁོང་གི་ང་ཚོར་ཤེས་བྱ་ཡོན་ཏན་བསླབ་ནས་ད་བར་ལོ་ལྔ་ཙམ་སོང་། ལོ་ལྔའི་རིང་ལ་ཁོང་གིས་ང་ཚོ་བྱམས་ཀྱིས་བསྐྱངས་པས། ང་ཚོ་དགེ་སློབ་བར་གྱི་མཛའ་བརྩེའི་ལྷག་བསམ་འོ་ཆུ་ལྟར་འབྲེལ།

ཁོང་གི་མཚན་ལ་རྒན××××ཞུ་བ་དང་། ཁོང་ནི་དགུང་ལོ་སུམ་ཅུ་ལྷག་ཙམ་ཡིན། སྐུ་གཟུགས་ཅུང་ཆུང་བ་དང་སྐུ་ཤ་རྒྱགས་པ་ཞལ་རས་དཀར་གསལ་ཟླ་བ་ལྟར་མཛེས་ལ། དེའི་སྟེང་དུ་གྲུང་ཤ་འདོད་པའི་སྤྱན་གཉིས་ཡོད། ཁོང་གིསཞལ་ནི་ང་ཚོར་མཚོན་ན་ཤེས་བྱའི་སྒོ་མོ་ཞིག་རེད། ང་ཚོར་ཁ་ཏ་བྱེད་པའི་སྐབས་སུ་ངག་འཇམ་ཞིང་ཚིག་རྣོ་བར་སྙན། བལྟས་པ་ཙམ་གྱིས་མཐོང་དོད་པོ་ཞིག་ཡོད།

ང་ཚོ་སློབ་མ་ཚོས་ཀྱང་རྒན་ལགས་ཁོང་ཕ་མར་བརྩིས་ཏེ་གུས་བཀུར་ཆེན་པོ་བྱེད་བཞིན་ཡོད། ཉིན་ལྟར་ང་ཚོའི་སློབ་སྦྱོང་དང་བདེ་འཇགས་ཀྱི་ཆེད་དུ་གཞན་ཕན་ལྷག་བསམ་བྱེད་ཀྱི་ཡོད། དེ་ནི་ང་ཡི་བོད་ཡིག་རྒན་ལགས་ཡིན་ལ་ང་ཡི་མིག་དཔེ་བལྟ་ས་ཡག་པོ་ཞིག་ཀྱང་ཡིན་ནོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明