西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །རྒན་ལགས། དགོངས་པ་མ་ཚོམས། ༄༅། །ངའི་སེམས་ནང་གི་ཕ་ཡུལ། ༄༅། །གཟུགས་པོ་བདེ་ཐང་ཀུན་གྱི་རྩ་བ།

放大 缩小 默认

༄༅། །གཟུགས་པོ་བདེ་ཐང་ཀུན་གྱི་རྩ་བ།

□ 作者 ཚེ་དབང་གཡང་འཛོམས།

གཟུགས་པོ་ནི་བྱ་གཞག་གསར་གཏོད་བྱེད་པའི་རྩ་བ་ཡིན་ལ་མི་ཚེ་དོན་སྙིང་དང་ལྡན་ཐུབ་མིན་གྱི་ཕྱི་སྐོགས་དེའང་ཡིན་ཕྱིན་དུས་དང་རྣམ་པ་ཀུན་ཏུ་རང་ལུས་སྦྱོང་བརྡར་བྱས་ཏེ་གཟུགས་གཞི་བདེ་ཐང་ཞིག་བསྐྲུན་ནས་མི་ཚེ་རིང་ལ་བདེ་ཐང་གི་འཚོ་བ་ཞིག་ཡོང་བར་སྐྱེ་བོ་ཀུན་གྱིས་བརྩོན་བཞིན་ཡོད།

མི་ཚེའི་བརྒྱུད་རིམ་ཁྲོད་དུ་ང་ཚོ་ཚང་མར་རེ་འདུན་རེ་ཡོད་སྲིད་དེ། མི་ཁ་ཤས་ཀྱིས་རང་ཉིད་ལ་དབང་བའི་ཁང་པ་དང་། རླངས་འཁོར་ལེགས་གྲས། ལས་གནས་བཅས་ཀྱི་ཐོག་ནས་གྲུབ་འབྲས་དེ་བས་ཡག་པོ་ཞིག་ཐོབ་རེ་བྱེད་ཀྱི་ཡོད། མི་ལ་ལས་རྒྱུ་ནོར་འཚོལ་སྙེག་དང་མིང་གྲགས། གོ་གནས་སོགས་ལ་རེ་བ་བྱེད་པའང་ཡོད། མི་ལ་རེ་སྙེག་ཡོད་པ་ནི་དོན་བཟང་རེད། རེ་སྙེག་ཡོད་ན་ད་གཟོད་ཉི་མ་གང་འཁྱོལ་མི་བྱེད་ལ་མི་ཚེ་སྟོང་ཟད་དུ་འགྱུར་མི་རུང་། འོན་ཀྱང་མཐར་གཏུགས་ནས་བཤད་ན། རྒྱུ་ནོར་དང་མིང་གྲགས་ནི་འཚོ་བའི་དགོས་མཁོ་ཡིན་ཡང་དེ་ལས་གལ་ཆེ་བ་ཞིག་ནི་གཟུགས་གཞི་བདེ་ཐང་ཡིན། བདེ་ཞིང་ཐང་བ་བྱུང་ན་གཞི་ནས་བསོད་ནམས་ཆེ་ཤོས་དེ་རེད། བདེ་ཐང་ནི་ཡོད་ཚད་ཀྱི་རྨང་གཞི་ཡིན། བདེ་ཐང་བྱུང་ན་ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། ལས་ཀ་དང་འཚོ་བ་བསྐྱལ་ཐུབ་པ་མ་ཟད་ཆ་རྐྱེན་དེ་དག་གིས་རང་ཉིད་ཀྱི་རེ་སྙེག་ལའང་གཞོགས་འདེགས་ལེགས་པར་ཞུ་ཐུབ།

བདེ་ཐང་ནི་ང་ཚོའི་ཚེ་སྲོག་ཁྲོད་ཆེས་གལ་ཆེན་ཡིན། ང་ཚོས་རྒྱུན་དུ་མི་ལུས་རིན་ཆེན་གསེར་ལས་དཀོན་ཟེར་བའང་མི་ལ་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་དབང་རྟེན་ཡོད་པས་ཡིན། དབང་རྟེན་དེ་བདེ་ཐང་གི་གནས་སྟངས་ཤིག་ལ་ཡོད་ན། ད་གཟོད་དེ་ལས་བསྐྱེད་པའི་མིའི་བློ་གྲོས་ཀྱང་ཆེས་བཟང་ཤོས་ལ་སླེབས་ཐུབ། མི་ལ་བདེ་ཐང་དགོས་ན་ཟས་སྤྱོད་ངོས་འཛིན་སོགས་ཀྱི་ཆ་རྐྱེན་མང་དུ་ཚང་དགོས་ཀྱང་གཙོ་བོ་ནི་འཕྲོད་བསྟེན་དང་ཁ་འབྲལ་ཐབས་མེད། གལ་ཏེ་ཁྱོད་ལ་བདེ་ཐང་ཡོད་འདོད་ན་འཕྲོད་བསྟེན་ལ་སྣང་འཇོག་དགོས། གཤམ་ལ་ངས་བཤད་རྒྱུ་ནི་བཟའ་བཏུང་འཕྲོད་བསྟེན་དང་བདེ་ཐང་བར་གྱི་འབྲེལ་བ་ཡིན། ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ནི་རྒྱུན་དུ་ཟ་མ་བཟའ་དགོས། དེའི་ཕྱིར་བཟའ་བཏུང་གི་གཙང་སྦྲ་ནི་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་གཏམ་དཔེར། མི་ནི་སེམས་ལ་བརྟེན་ནས་འཚོ། །ལུས་ནི་ཟས་ལ་བརྟེན་ནས་འཚོ། །ཞེས་པ་བཞིན་ཁ་ལག་ཚད་དང་མཐུན་པ་ཞིག་དང་རོ་བཅུད་ལྡན་པ་ཞིག་བྱུང་ན་ད་གཟོད་གཟུགས་ཁམས་བདེ་ཐང་ཞིག་ཡོང་བའོ། །

མི་ནི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་སླ་བའི་སྲོག་ཆགས་ཤིག་ཡིན་པས། ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ་བ་ཡིན། ཉལ་ཁང་གཙང་མ་ཞིག་དང་། སློབ་ར་གཙང་མ་ཞིག སློབ་ཁང་གཙང་མ་ཞིག་གིས་ང་ཚོའི་ལུས་སེམས་བདེ་ཞིང་སྐྱིད་པ་ཞིག་ཡོང་བར་འགན་ལེན་བྱེད་པ་ཡིན། དེ་ལས་ལྡོག་ན་ལུས་ལ་ན་ཚ་དང་སེམས་ལ་མི་སྐྱིད་པའི་གནས་ཚུལ་འབྱུང་བདེ། དཔེར་ན། ཉལ་ཁང་ནང་གད་སྙིགས་གང་སར་གཡུགས་པ་དང་། དྲེག་དྲིས་འཚོས་པའི་གྱོན་གོས་སྣ་ཚོགས་ཀྱང་གང་སར་བཀྲམས་ཡོད་པའི་ཁོར་ཡུག་འདི་འདྲ་ཞིག་གི་ནང་དུ་ང་ཚོའི་སེམས་ཁམས་མི་སྐྱིད་ལ་གཟུགས་ལའང་ནད་འབུས་སིམ་འཛུལ་བྱེད་སླ་བ་ཡིན། ཁོར་ཡུག་གི་གཙང་སྦྲ་ཟེར་དུས་དེ་ནི་ཐུན་མོང་གིས་མཉམ་ལས་བྱས་ནས་སྐྱོང་དགོས་པ་ལྟ་བུར་མཐོང་ཡང་དེ་ནི་དོན་ངོ་མ་མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། སྒེར་གྱི་གཙང་སྦྲ་ལ་དང་དོད་ཆེ་བའི་སློབ་མ་ཁྱུ་ཞིག་མཉམ་དུ་གནས་ན་དེའི་ཉལ་ཁང་དང་སློབ་ཁང་སོགས་ཀྱང་གཙང་སྦྲ་སྐྱོ་པོའི་ཁོར་ཡུག་ཞིག་ལ་འགྱུར་མི་སྲིད་པ་རེད། ཡིན་ཡང་ང་ཚོ་རྫབ་དོང་ནང་གི་རྨ་བྱ་དང་ཞི་མིའི་གཙང་སྦྲའི་ཕྱོགས་སུ་མི་ལྷུང་བའང་བྱེད་དགོས།

ཁ་རྒྱུན་གྱི་བཤད་སྲོལ་ལྟར་གཟུགས་གཞི་བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན་པས་རྒྱུ་ནོར་དང་དབང་ཆ། གོ་གནས་དག་ཕར་བལྟས་ཚོད་ལ་གཟི་རྔམ་ཆེ་ཡང་ང་ཚོའི་གཟུགས་གཞི་བདེ་ཐང་དང་བསྡུར་ན་དེ་དག་རིན་ཐང་ཆུང་བ་ཡིན། ཚེ་གཅིག་ལ་ལུས་མང་དུ་བརྗེ་རྒྱུ་མེད་པས་མ་འོངས་པའི་ལོ་ཟླའི་ནང་དུ་ལྷན་རྒྱས་སྐུ་གཟུགས་གསལ་ཐང་ཡོང་བར་སྨོན། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明