ཕ་ཡུལ་ཞེས་པའི་ཚིག་དེ་གོ་མ་ཐག །མི་ཚང་མའི་སེམས་ནང་ལ་ཡུལ་ལྗོངས་ཤིག་མིག་ལམ་དུ་དྲན་གྱི་ཡོད། དེ་ཡང་མི་ཚང་མའི་ཕ་ཡུལ་ནི་བདེ་ཞིང་སྐྱིད་པ་ཞིག་ཡིན། ངའི་ཕ་ཡུལ་ཡང་དེ་དང་གཅིག་པ་རེད།
ངའི་ཕ་ཡུལ་ནི་འབྲོག་ས་ཞིག་ཡིན་པ་དང་། སྔོན་ཆད་ང་རང་ཕ་ཡུལ་ལ་ལོ་གཉིས་ཙམ་ལས་སྡོད་མ་མྱོང་། ལོ་གཉིས་ནང་ངས་ཕ་ཡུལ་ལ་རྒྱུས་མངའ་རབ་ཙམ་བྱུང་། ངའི་སྤོ་བོ་དང་རྨོ་བོ། ཨ་ནེ། གཉེན་ཉེ་ལ་སོགས་པའི་ནང་མི་མང་ཆེ་བ་དེ་རུ་བསྡད་ཡོད། ད་དུང་ཆུང་ངུའི་དུས་སུ་ཨ་ཞང་མཉམ་དུ་ནོར་རྫི་ལ་འགྲོ་བའི་རྣམ་པ་དག་ཀྱང་དེང་སང་ངའི་སེམས་སུ་ལྷང་ལྷང་དུ་དྲན།
ང་ཚོ་སློབ་ཆུང་གི་སློབ་ཐོན་ཡིག་རྒྱུགས་བཏང་ཚར་རྗེས། ང་རང་ཞང་པོ་དང་ལྷན་དུ་ཕ་ཡུལ་ལ་ལྟ་སྐོར་ཞིག་ཕྱིན་པ་ཡིན། ཡིན་ཡང་ངས་དེ་དུས་མཐོང་བའི་ཕ་ཡུལ་ནི་དེ་སྔོན་དང་མི་འདྲ་བ་ཞིག་རེད་འདུག །སྔོན་མ་ཆུ་བརྒལ་ནས་བསྐྱོད་དགོས་པའི་ལམ་བུ་དེ་ཡང་ད་ལྟ་ཟམ་ཆེན་ཞིག་བསྐྲུན་འདུག་པ་དང་། སྔོན་ཆད་ཅི་དགར་རྩེད་འཇོར་རོལ་སའི་རྒྱ་ཆེའི་ཐང་སྟོང་དེ་ཡང་ད་ལྟ་ཁང་པོ་མང་པོས་བཟུང་ནས་གོམ་པ་ཡང་སྤོ་ཁག་པར་གྱུར་འདུག
ང་རང་ལོ་ངོ་བཞི་ཙམ་དེ་རུ་མ་སླེབས་པས། དེའི་རིང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག །དེ་ནི་དགའ་ཞིང་སྤྲོ་དགོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་།
མཛེས་སྡུག་ལྡན་པའི་ཕ་ཡུལ། ཉིན་མོ་སེམས་ལ་དྲན་པའི་ཕ་ཡུལ། མཚན་མོ་རྨི་ལམ་དུ་འཁོར་བའི་ཕ་ཡུལ། ང་རང་ནམ་ཡང་ཕ་ཡུལ་དྲན་ཏེ་བརྗེད་ཐབས་མི་འདུག་གོ །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲི་དགེ་རྒན། དགའ་བཟང་།