ཟླ་11ཚེས་13ཉིན་ནི་ཀོང་པོའི་ལོ་གསར་གྱི་གནམ་གང་ཡིན། ཉིན་དེའི་དགོང་མོའི་ཆུ་ཚོད་བརྒྱད་པར་ཀྲུང་གུང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང(གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་ཁུར་བའི་ཉིང་ཁྲིའི་ངོ་མཚར་ཏེ་གླུ་གར་ཟློས་གར《ཀོང་པོའི་ལོ་གསར》ཞེས་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་སུ་འཁྲབ་སྟོན་བྱས་པ་རེད། འདི་ནི་ཟློས་གར་འཁྲབ་སྟོན་ཚར་རྗེས་འཁྲབ་སྟོན་པ་ཡོངས་ཀྱིས་མཉམ་པར་རྒྱག་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།