ཉེ་ཆར“ཚེ་སྲོག་རིན་ཐང་མེད་པས་མེ་ཟོན་སྔོན་འགོག་ལ་དོ་སྣང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ནགས་ཚལ་མེ་ཟོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་ཤིང་། བོད་ལྗོངས་ནགས་ཚལ་མེ་ཟོན་གྱི་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ཨུ་ཡོན་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཞུས་ཤན་ཧའེ་ཡིས་ལམ་ལུགས་བསྒྱུར་བཅོས་ལོ་ལྔའི་རིང་སྤྱི་ཁྱབ་རུ་ཁག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་གནང་བ་རེད།
ལམ་ལུགས་བསྒྱུར་བཅོས་ལོ་ལྔ་བྱས་པའི་རིང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་སློབ་ཀྱི་དགོངས་དོན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་རང་རྟོགས་ངང་ཞབས་འདེགས་ཞུས་པ། “གླིང་སྣེའི་ས་ཁུལ་བརྟན་སྲུང་དང་། དཀའ་ངལ་ལ་མི་འཛེམ་པ། དཀའ་སྡུག་ཚད་མེད་མྱོང་བ། མཐར་ཐུག་གི་འགྲན་སློང་བྱེད་པ་”བཅས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཆབ་སྲིད་ལ་སྣང་ཆེན་དང་། དམ་པ་དོན་གཉེར་གྱིས་མི་སེམས་ལྷོད་པོ་ཡོང་བ་བྱེད་པ། སྦྱོང་བརྡར་ལ་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་ལྟེ་བར་སྲུང་སྐྱོབ། གཞི་རིམ་དུ་གནད་སྨིན་འཛུགས་སྐྲུན། རྒྱུན་གཏན་ལས་འགལ་ནས་བདེ་འཇགས་དམ་འཛིན། དར་སྲོལ་རྒྱུན་མཐུད་བཅས་བྱས་ཏེ་དུས་རབས་གསར་པའི་ས་མཐོའི་ནགས་ཚལ་མེ་ཟོན་དཔུང་ཁག་འཛུགས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས། འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།
ལོ་ལྔའི་རིང་སྤྱི་ཁྱབ་རུ་ཁག་གིས་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་རྒྱུར་དམིགས་པ་དང་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་མཉམ་སྡེབ་4དང་མི་སྒེར་9ལ་རྒྱལ་ཁབ་ཀྱི་མཚན་ཐོའི་གཟེངས་བསྟོད་ཐོབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་དང་། རྒྱལ་ཡོངས་ནད་ཡམས་འགོག་པའི་གསུམ་བརྒྱད་དར་དམར་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། བློ་དཀར་སེམས་དཀར་གྱི་ཀྲུང་གོའི་མེ་ཟོན་སྲུང་དམག འཕྲལ་སྡོམ་དོ་དམ་ལས་དོན་པ་མཛེས་ཤོས་སོགས་སྔོན་ཐོན་དཔེ་བཟང་ཁག་གཅིག་སྤྱི་ཁྱབ་རུ་ཁག་གིས་ལོ་15བསྟུད་མར་བདེ་འཇགས་ཐད་ལས་འཛོལ་མི་ཐོན་པ་བྱས་པ་དང་། སྤྱི་ཁྱབ་རུ་ཁག་ཏང་ཨུད་ལ་འཕྲལ་སྡོམ་དོ་དམ་པུའི་ཏང་ཨུད་ཀྱིས་སྔོན་ཐོན་ཏང་ཨུད་ལ་གཟེངས་བསྟོད་བྱས་པ་རེད།
ལོ་ལྔའི་རིང་སྤྱི་ཁྱབ་རུ་ཁག་གིས་རང་འགུལ་ངང་སྔོན་འགོག་དང་བདེ་འཇགས་ཀྱི་ཉེན་ཁ་བསལ་བ་རེད།
འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ལྗོངས་ཡོངས་སུ་ནགས་ཚལ་མེ་ཟོན་ས་ཚིགས་14བསྐྲུན་ནས་མཉམ་སྐྲུན་མཉམ་སྤྱོད་མཉམ་འགོག་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། རྐང་འཛིན་པ་མངགས་ནས་མེ་ཟོན་ཉེན་ཁ་ཆེ་བའི་ཁུལ་དུ་བསྐྱོད་དེ་“རྩལ་སློབ་ཚོགས་པའི་”སློབ་ཁྲིད་གསོ་སྦྱོང་བྱས་ནས་ས་ཁུལ་དང་གྲོང་ཁྱེར་6ལ་མེ་གསོད་རུ་མི་ཐེངས་ཁྲི་1.5གསོ་སྦྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ནགས་ཚལ་མེ་ཟོན་གྱི་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་ཕུལ་ཡོད། “དོན་ཆེན་བཞིར”དམ་པོར་དམིགས་ནས་“གསར་གཏོད་བཞིས”བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བས། དུས་ཡུན་རིང་པོའི་ནང་བོད་ཁྱིམ་གྱི་རི་གྲོང་དུ་འཁྲུག་ཆ་དོད་དུ་བཏང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་དཔྱིད་འདེབས་དང་སྟོན་བསྡུའི་རོགས་རམ་བྱས་པ། ཆབ་མདོའི་གོང་མ་གྲོང་ཚོར་གྲུབ་འབྲས་ཐོབ་པའི་ངང་དབུལ་ཞྭ་འབུད་རོགས་བྱས་པ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ནང་ཧུར་ཐག་ཞུགས་པ། ཚལ་སྣེ་ཤང་དུ་མུའུ་100ཡི་དཔེ་སྟོན་ནགས་ཚལ་བསྐྲུན་པ་རེད།
ལོ་ལྔའི་རིང་སྤྱི་ཁྱབ་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་གནོད་འཚེའི་ལས་འཛོལ་ལ་ཁ་གཏད་བཅག་ཡོད།
རང་སྐྱོང་ལྗོངས་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་བཀའ་རྒྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རྒྱུན་མེ་ཟོན་གྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་མི་ཐེངས་ཁྲི་4.9ལྷག་ཙམ་མངགས་གཏོང་བྱས་ནས། བདེ་འཇགས་དང་ལས་ཕྱོད་ཆེ་བའི་སྒོ་ནས་ནགས་ཚལ་གྱི་མེ་གསོད་དང་། ཞོད་འགོག་ཉེན་སེལ། ས་ཡོམ། གངས་རྡིབ། འཁྱིལ་ཆུའི་རོགས་སྐྱོབ་བཅས་དེ་བཞིན་འཚོལ་སྐྱོབ་སོགས་ཀྱི་ལས་འགན་106ལེགས་འགྲུབ་བྱས་ཡོད་ལ། མང་ཚོགས་མི་ཐེངས་2300ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་ལྷག་དོན་དུ་ཉིང་ཁྲིའི“4•14”དང་ཆབ་མདོའི“4•24”མེ་གསོད་དམག་འཐབ་ཁྲོད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཉེན་སེལ་ལམ་ལྷོངས་བྱུང་བས། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དཔེ་མཚོན་གྱོད་དཔེ་ནང་བདམས་ནས། ས་མཐོའི“མེ་ལྕེ་སྔོན་པོའི”ཁྲོད་རང་སྲོག་བློས་གཏོང་དང་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་བཟང་པོ་བཏོད་ཡོད།
གསར་འགོད་པ། བསྟན་འཛིན་གཡང་ལགས།
བསོད་བསྟན་གྱིས་བསྒྱུར།