西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མ་ཡི་བཀའ་དྲིན་མཚོ་ལྟར་ཟབ། ༄༅། །ཨ་མའི་བརྩེ་བ་ལས་འཕྲོས་པའི་དྲིན། ༄༅། །སྐྱིད་པའི་དབྱར་གསེང་། ༄༅། །ས་སྲོད་ཀྱི་འབྲོག་ཐང་།

放大 缩小 默认

༄༅། །ས་སྲོད་ཀྱི་འབྲོག་ཐང་།

□ 作者 གར་བློ་བཟང་རྡོ་རྗེ།

དགོང་ཉི་ཟེར་གསེར་མདོག་ཤར་རིར་འཕོག །སྤྲིན་དམར་མདངས་ཆགས་པའི་སྲོད་ཀ་ན། །

རྟ་འདོ་བ་གོང་གི་སྟག་ཤར་ཞིག །སྦྲ་མཐིང་སྨུག་ཞིག་ལ་ཕྱོགས་ནས་འགྲོ། །

བྱ་གོང་མོའི་གསུང་སྐད་སྙན་མོ་ཞིག །དགུང་ཉི་ཟེར་ལྷན་དུ་ནུབ་འགྲོ་ཞིང་། །

སྦྲ་ཀ་བཞིའི་འོག་གི་མ་ལོ་ཞིག །དཀར་འོ་ཇ་ཞིག་གིས་རྫི་བོ་སྒུག །

ལུག་གཡང་དཀར་སྟོང་གི་བདག་མོ་ཞིག །གཡང་མ་མོའི་འབའ་སྒྲའི་རམ་འདེགས་འོག །

ས་དོག་མོའི་རྫི་གླུའི་དབྱངས་སྙན་ཞིག །རླུང་འཁོར་ཕྱོགས་ལྷན་དུ་སྦྲ་ལ་འཐིམ། །

རྒྱ་ཆེ་བའི་ནིའུ་གསིང་ཡངས་སྟེང་གི །མཐིང་སྦྲ་ནག་ཞིག་གི་གུར་ཁང་ན། །

སྐྲ་དུང་ལྟར་དཀར་བའི་ཕ་རྒན་ལགས། །འདས་ལོ་ཟླའི་ལ་མོར་རྒྱང་ལྟ་འཕེན། །

མཁུར་དམར་མདངས་རྒྱས་པའི་བྱིས་པ་གཅིག །ཕ་རྒད་པོའི་མི་ཚེའི་སྒྲུང་གཏམ་ཞིག །

མགོ་གཡོ་ནས་མྱོང་རོལ་བྱེད་བཞིན་དུ། །གཏམ་དགོད་སྒྲས་འབྲོག་ཐང་མྱུལ་བར་བྱེད། །

གདང་པ་ཏྲའི་རིས་ཀྱིས་བརྒྱན་གོང་ན། །ལོ་ཁ་གང་ཡིན་པའི་འབྲི་མོ་ཞིག །

ལྡད་གཡས་འཁོར་གཡོན་འཁོར་རྒྱག་བཞིན་དུ། །བེའུ་ཁྲ་ཆུང་འོ་མའི་བདུད་རྩིར་རོལ། །

ལྷས་གྲུ་བཞི་བལ་ལྡན་ལུག་གིས་ཁེངས། །ལུག་གཡང་དཀར་སྟོང་གི་ར་བ་ན། །

ཉིན་གང་པོར་རྩེད་མོའི་གར་འཁྲབ་པའི། །གཡང་མ་མོའི་ལུ་གུའི་འབའ་སྒྲས་ཁེངས། །

རྟ་རག་པ་སྦྲ་ཡི་སྒོ་ཆོན་འོག །ཆག་ཞིབ་མོའི་མྱོང་བ་བྱེད་བཞིན་དུ། །

དྲིལ་གཡེར་ཁའི་སིང་སྒྲའི་དབྱངས་སྙན་འོག །ཤར་གངས་རིའི་བསིལ་ཟེར་རེ་སྒུག་བྱེད། །

ཁྱི་ཐུ་པོ་གངས་སེང་འདྲ་བ་དེ། །རྟ་ནོར་ལུག་གསུམ་གྱི་མཐའ་འཁོར་ན། །

ཕྱི་སྤྱང་འཁྱམ་ཞིག་གི་ཕུང་པོ་ཞིག །མཆེ་དུང་གི་རེ་བའི་འོད་དཀར་རྫིག །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明