西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མ་ཡི་བཀའ་དྲིན་མཚོ་ལྟར་ཟབ། ༄༅། །ཨ་མའི་བརྩེ་བ་ལས་འཕྲོས་པའི་དྲིན། ༄༅། །སྐྱིད་པའི་དབྱར་གསེང་། ༄༅། །ས་སྲོད་ཀྱི་འབྲོག་ཐང་།

放大 缩小 默认

༄༅། །སྐྱིད་པའི་དབྱར་གསེང་།

□ 作者 ཀརྨ་ཚེ་རིང་།

སློབ་འབྲིང་ལོ་གསུམ་ཙམ་གྱི་དུས་ཚོད་ནང་ནས་ད་ལོའི་དབྱར་གསེང་ནི་ཆེས་སྤྲོ་སྣང་ལྡན་ཤོས་དང་དོན་སྙིང་ཆེ་ཤོས་ཞིག་ཡིན། གང་ཡིན་ཟེར་ན། ང་རང་དབྱར་དུས་ལ་དགའ་བ་ཙམ་མ་ཟད་ཆར་སིམ་སིམ་བབས་ནས་ས་གཞི་ཐམས་ཅད་སྔོ་ལྗང་དུ་འགྱུར་བའི་རྣམ་པ་བཟང་པོ་ལ་ཧ་ཅང་དགའ་པོ་ཡོད། དེ་བས་ཀྱང་ད་ཐེངས་ཀྱི་དབྱར་གསེང་སྐབས་སུ་བདག་དང་ཕ་མ་གཉིས་མཉམ་དུ་མལ་གྲོ་གོང་དཀར་གནམ་གྱི་མཐའ་ཅེས་སུ་འབོད་པའི་གནས་སུ་ཆགས་པའི་འབྲི་གུང་གཞུང་དུ་ཡུལ་སྐོར་དུ་བསྐྱོད། དེ་གར་འབྱོར་རྗེས་འབྲི་གུང་དགོན་གྱི་གནའ་ཤུལ་རིག་གནས་དང་བཟོ་སྐྲུན་གྱི་བཀོད་པ་སོགས་ལ་ཉམས་རྟོགས་ལེགས་པར་བྱས། དེ་ནས་རི་སྐོར་དུ་སོང་བའི་ལམ་བར་ལ་བྱ་རྒོད་བརྒྱ་ཁྲག་མང་པོ་མིག་མདུན་དུ་མངོན་པས་སེམས་ལ་སྐྲག་སྣང་ཆེན་པོ་ཞིག་བྱུང་དང་དུས་མཚུངས་མི་རྟག་པའི་དངོས་པོ་རྣམས་ཡིད་ལ་འཁོར། དེ་ནས་ང་ཚོ་ཐད་ཀར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་མལ་གྲོ་རྒྱ་མ་གང་དུ་སོང་ལ་མཐའ་འཁོར་གྱི་རི་བོ་འདི་དག་ནི་རིན་ཆེན་སྣ་ལྔའི་བང་མཛོད་དང་འདྲ་ལ། རི་ཀླུང་གང་སར་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་ཡིས་ཁེངས།

ད་དུང་ངོ་མཚར་ཆེ་བའི་སྨན་རྩྭའི་དྲི་ཞིམ་ས་ཕྱོགས་ཀུན་ནས་འཐུལ་བར་བྱས་ལ། འབྲུ་སྣ་ལྔ་ཡིས་ཁེངས་པའི་ཞིང་ཐང་གཡུ་ཡི་གཞོང་པ་ཞིག་དང་འདྲ་བ་མིག་ལམ་དུ་འཆར་བས་དབྱར་དུས་ལ་དགའ་ཞིང་དབྱར་གསེང་ལ་སྤྲོ། །

ལྷོ་བྲག་རྫོང་སློབ་འབྲིང་ལོ་རིམ༩(༢)

ཟུར་ཁྲིད་དགེ་རྒན། ཚེ་རིང་བཀྲ་ཤིས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明