西藏青年报藏文版རྩོམ་རིག་དགའ་ཚལ།  ༄༅། །ཞིང་གྲོང་གི་གླུ་དབྱངས་སྙན་མོ་ཏང་ལ་ཕུལ། ༄༅། །གཏིང་དཔོག་མི་ཐུབ་པ། ༄༅། །ང་ཡི་ཕ་ཡུལ་འབྲི་རུ།

放大 缩小 默认

༄༅། །གཏིང་དཔོག་མི་ཐུབ་པ།

□ 作者 འཇམ་དབྱངས་སྒྲོལ་དཀར།

སྔོན་བྱོན་མཁས་པ་རྣམས་ཀྱིས་འཇིག་རྟེན་འདིའི་ཐོག་གཏིང་དཔོག་དཀའ་ཤོས་ནི་མི་སེམས་ཡིན་ཞེས་གསུངས་ཡོད། མིའི་མི་ཚེ་ནི་སྐྱིད་གསུམ་སྡུག་གསུམ་དང་སྒང་གཤོང་མི་སྙོམས་པ་ཞིག་ཡིན་པས་ལམ་འགྲོ་ཆུ་རྒྱུག་རྒྱུག་དང་རྟག་པར་བསམ་དོན་མངོན་འགྱུར་ཡོང་བ་ཞིག་ག་ལ་ཡོང་སྲིད།

འཇིག་རྟེན་གྱི་ལམ་བུ་ཀྱག་ཀྱོག་དེ་བགྲོད་དུས་ང་ཚོ་མི་འདྲ་མིན་སྣ་ཚོགས་དང་འབྲེལ་འདྲིས་བྱེད་དགོས་ཤིང་རེ་འགའ་ཁྱེད་དང་ཉེ་ཞིང་རེ་འགས་ཁྱེད་ལ་སུན་སྣང་བྱེད་ངེས་ཡིན། ཡིན་ཡང་ང་ཚོས་བྱ་བ་སྒྲུབ་དུས་མིའི་གདེང་འཇོག་དང་མིའི་ངོས་འཛིན་ཕར་ཙམ་བཞག་སྟེ་ཏན་ཏན་ཏིག་ཏིག་གིས་བྱ་བ་ཁོ་རང་ལ་དམིགས་ཏེ་འབད་པས་སྒྲུབ་དགོས་པ་ནི་ཤིན་ཏུ་གལ་ཆེ། ལོ་པཎ་ཞིག་གིས་བྱ་བ་སྒྲུབ་དུས་བོང་བུའི་ཨ་གསར་རྟ་ལས་མགྱོགས་པའི་ཚོད་བགམ་བྱས་ན་བྱ་བ་ཆུང་ངུ་ཞིག་ཀྱང་འགྲུབ་ཐབས་བྲལ་ཞེས་གསུངས་མྱོང་། དེར་བརྟེན་ང་ཚོས་བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་འགྱོད་པ་རྗེས་ལ་སྐྱེས་ན་གླེན་པ་ཡིན་པས་བསམ་བློ་ཡག་པོ་བཏང་རྗེས་སུ་བྱ་བ་དེ་ནན་ཏན་ངང་རྒྱུད་ཀྱིས་སྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

མི་དང་མིའི་དབར་འབྲེལ་འདྲིས་བྱ་རྒྱུ་ནི་མི་ཞིག་གི་ངོས་ནས་བརྗོད་ན་དགོས་པ་ཤིན་ཏུ་ཆེ་བ་ཞིག་ཡིན། ཡིན་ནའང་ང་ཚོས་ཐོག་མར་ཕན་ཚུན་རྒྱུས་མངའ་དང་ཉམས་ལེན་བྱ་དགོས་པ་ལས་གང་བྱུང་དུ་བློ་གཏད་བཅོལ་ན་དེ་ཡི་མཇུག་འབྲས་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡོང་ངེས་ཡིན། དེར་བརྟེན་དུས་རྒྱུན་དུ་ནས་བྱ་བ་ཅི་འདྲ་ཞིག་སྒྲུབ་རུང་སྔོན་ལ་བརྟག་དཔྱད་གཟབ་ནན་བྱས་རྗེས་གཞི་ནས་བྱ་བ་དེ་སྒྲུབ་དགོས་སོ། །མི་དང་མིའི་བར་གྱི་ཡིད་ཆེས་ཡོད་ཚད་ནི་དུས་ཚོད་ལ་བརྟེན་ནས་ཡོང་བ་ཞིག་གཏན་ནས་མིན་རུང་དུས་ཚོད་ལ་བརྟེན་ནས་ང་ཚོས་མི་དེ་ལ་རྒྱུས་མངའ་དེ་བས་ལེགས་པ་ཞིག་ཡོང་ངེས་ཡིན། དུས་ཚོད་ཤིན་ཏུ་རིང་པོ་ཞིག་ཡིན་རུང་ང་ཚོས་མི་དེའི་ཡོད་ཚད་ག་ལ་རྟོགས་སྲིད། མ་མཐར་ཡང་ང་ཚོས་མི་དེའི་བསམ་པའི་ནང་དུ་གང་བསམ་བཞིན་པ་དེ་རྟོགས་མི་ཐུབ་པས་བྱ་བ་གང་ཞིག་བྱས་རུང་དང་ཐོག་མར་རང་ཉིད་ལ་སྐྱབས་བཅོལ་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་བ་ལས་གང་བྱུང་དུ་མི་གཞན་ལ་བློ་གཏད་བཅོལ་ན་ང་ཚོར་རེ་སྒུག་ཐུབ་པ་ནི་བློ་ཕམ་མ་གཏོགས་གཞན་ཅི་ཡང་མེད།

དེར་བརྟེན་ང་ཚོས་ཆུ་མ་ཤོར་གོང་ནས་ཆུ་རགས་རྒྱག་རྒྱུ་དེ་ཡང་གལ་འགངས་ཤིན་ཏུ་ཆེ་བར་བརྩིས་ནས་མཇུག་འབྲས་སྔོན་དུ་བསམ་བློ་འཁོར་དགོས། བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་འདིའི་ནང་མི་ཡི་བསམ་སྤྱོད་ཡང་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེས་ན་ང་ཚོས་རང་ཉིད་རང་རྐྱ་ཐུབ་པའི་མི་ཞིག་བྱས་ནས་འགག་རྩའི་དུས་སུ་ཆུ་མ་ཤོར་བ་བྱ་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明