西藏青年报藏文版གལ་ཆེའི་གསར་འགྱུར། སྦྲང་ནོར་བུ་ཡི་ཐོན་ལས་ས་མཐོར་དར། གྲོང་མིའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར། གཞོན་ནུ་ནི་དུས་རབས་ཀྱི་བདག་པོ་དང་འབྱུང་འགྱུར་གྱི་རྒྱུན་འཛིན་པ་ཡིན། ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། བོད་དུ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་ནས་ཕ་ཡུལ་ལ་བསྟོད་གླུ་བླངས།

放大 缩小 默认

གོང་དཀར་རྫོང་གིས་ས་མཐོའི་སྦྲང་ནོར་བུའི་ཐོན་ལས་ནང་འདྲེན་དང་འཕེལ་རྒྱས་བཏང་བ།

སྦྲང་ནོར་བུ་ཡི་ཐོན་ལས་ས་མཐོར་དར། གྲོང་མིའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཏེ། བོད་ལྗོངས་རྩེར་སོན་གོང་དཀར་སྦྲང་རྩིའི་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སི་དེ་གོང་དཀར་རྫོང་གནས་ས་གྲོང་ཚོར་ཆགས་ཡོད།

2018ལོར། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལག་རྩལ་ལས་བྱེད་པ་ཝུའུ་གོ་ཆང་གིས་གོང་དཀར་རྫོང་དུ་ཡོད་པའི་ཚེར་མ་དང་། ཁུར་མོང་། འབུ་སུ་ཧང་སོགས་མེ་ཏོག་ནི་སྦྲང་ནོར་བུ་གསོ་བའི་ཐོན་ཁུངས་ཡག་པོ་ཞིག་ཡིན་པར་སེམས།

ཝུའུ་གོ་ཆང་གིས་རང་ཉིད་ཀྱི་བསམ་ཚུལ་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ལ་སྙན་སེང་ཞུས་ཤིང་། 2020ལོའི་ཟླ་5པར་དམིགས་བསལ་གྱི“བོད་སྐྱོར་རུ་མི”སྟེ། ཧུའུ་ནན་ནས་དྲངས་པའི་སྒམ་200ཡི་སྦྲང་ནོར་བུ་ཁྲི་1000ལྷོ་ཁར་ཁྱེར་ཡོང་སྟེ་སྦྲང་ནོར་བུ་གསོ་བའི་རྟེན་གཞི་ས་མཐོར་བཙུགས།

འོན་ཀྱང་བྱ་བ་ཐམས་ཅད་འགོ་རྩོམ་པར་དཀའ་ཞེས་པའི་དཔེ་ལྟར་སྦྲང་ནོར་བུ་གསོ་བའི་ཉམས་མྱོང་མེད་པའི་ས་གནས་དེ་གའི་མང་ཚོགས་ཀྱིས་ཐོན་ལས་དེར་སེམས་ཁྲལ་བྱེད་ཀྱི་ཡོད། དེར་བརྟེན་ཀུང་སིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་པེ་ཅིང་སྦྲང་ནོར་བུ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཉམ་འབྲེལ་བྱས་ནས་མང་ཚོགས་ལ་སྦྲང་ནོར་བུ་གསོ་བའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། སྦྲང་ནོར་བུ་གསོ་བའི་ལག་རྩལ་བརྒྱུད་སྤྲོད་བྱས་པ། སྦྲང་ནོར་བུ་གསོ་བའི་རྟེན་གཞིའང་ཚད་ལྡན་ཅན་གྱི་སྦྲང་གསོ་ར་བ་9ལ་རིམ་བཞིན་རྒྱ་ཆེར་བཏང་བས་ལོ་རེར་སྦྲང་རྩི་སྤྱི་རྒྱ་ཁྲི་4ལྷག་ཙམ་གྱི་ཐོན་འབབ་བྱུང་བ་རེད།

བོད་ལྗོངས་རྩེར་སོན་སྦྲང་རྩི་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་རྫས་གཙོ་བོ“རྩེར་སོན་གོང་དཀར་སྦྲང་རྩིའི”ལོའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་སྟོང་ཟིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་358ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད་པ་རེད།

བཅར་འདྲི་མཇུག་འགྲིལ་རྗེས་སྦྲང་གསོའི་རྟེན་གཞིར་བརྟག་ཞིབ་བྱེད་བཞིན་པའི་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ལས་བྱེད་པ་དང་གོང་དཀར་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ལུའེ་ལིང་ཤང་དང་བཅས་པ་འཕྲད་ཅིང་། ཁོང་ཚོས་བོད་ལྗོངས་རྩེར་སོན་གོང་དཀར་སྦྲང་རྩིའི་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིས་འགོ་ཚུགས་གྲབས་ཡོད་པའི“གྲོང་ཚོ་བརྒྱ་དང་དུད་ཚང་ཁྲིའི”འཆར་གཞིར་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།

“ང་ཚོས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་བརྒྱར་སྦྲང་གསོ་ར་བ་བརྒྱ་བསྐྲུན་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་མི་ཚོའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་བྱ་རྒྱུ་ཡིན”ཞེས་ལུའེ་ལིང་ཤང་གིས་བཤད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明