西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་ཡི་ཕ་ཡུལ་ནག་ཆུ། ༄༅། །བདག་གི་ཡབ་ཆེན་ལགས། ༄༅། །ལྷིང་འཇགས།

放大 缩小 默认

༄༅། །བདག་གི་ཡབ་ཆེན་ལགས།

□ 作者 གར་བློ་བཟང་རྡོ་རྗེ།

དགུང་ཉི་ཟླ་ཡི་མཚམས་ན་དགོང་ཁའི་གྲིབ་གཟུགས་རྩྭ་ལྗང་གི་གོས་ལྡན་སྟེང་དུ་ཕོག་ཅིང་། དྲི་བཞོན་བསེར་བུའི་འོག་ན་རེ་བའི་སོ་ཕྲེང་དལ་གྱིས་གཡོ་འགུལ་བྱས་རྗེས་ནོར་གནག་ལྷས་ན་སྐྱིལ་བའི་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་ཡབ་ཆེན་ལགས་བརྗིད་སོང་།

དུས་བཞི་ཡི་མགོ་མོ་ན་བཞུགས་པའི་བདག་གི་ཡབ་ཆེན་ནི་དགུན་དུས་གྲང་ངར་གྱི་སྲིན་པོ་ལ་མི་སྐྲག དབྱར་དུས་ཀྱི་དྲག་ཆར་ལ་མི་ཞུམ། དུས་ཀྱི་ཆུ་མོ་ཡི་འགྲོས་དང་ལྷན་དུ་ས་དོག་མོ་འདོམ་ལ་འཇལ་ཞིང་རི་མཐོན་པོ་འཕྲེད་དུ་བཅད་ནས་ཕྱུགས་རིགས་སྤོ་འཚོ་བྱེད་ཅིང་། ཕ་ས་གཡང་གི་ར་བ་སྲུང་བའི་གནམ་འདེགས་ཀྱི་ཀ་བ་མ་ཡིན་ནམ། ཕ་ཡུལ་གྱི་ཕྱོགས་བཞིའི་རི་བོ་ན་ཁོང་གི་ཞབས་རྗེས་ཡོད། རི་འདབས་ཀྱི་གཙང་ཆབ་སྔོན་མོ་ན་ཁོང་གི་རྔུལ་ཆུ་ཡོད། དཔྲལ་གཉེར་གྱི་གྲོག་རོང་རེ་རེ་ན་ལོ་ཟླ་ཡིས་བསྐྱལ་བའི་དཀའ་བ་དང་བུ་ཕྲུག་ལ་བཅངས་པའི་བརྩེ་བ། ལམ་ཐང་ན་ཆས་པའི་གོམ་ཆུང་སོགས་བསྡུས་ཡོད་ཅིང་། སྐྲ་དཀར་གྱིས་ན་རྒས་ཤིང་ལུས་འཆིང་ཞགས་ཀྱིས་བཅིངས་ན་ཡང་ད་དུང་རྟ་གོང་ན་འགྱིངས་པའི་ཉམས་འགྱུར་དེ་ཉམས་མེད། རང་ཉིད་ཀྱི་མི་ཚེ་གང་པོ་ཕ་ས་ཕ་ཡུལ་དང་ནང་མི་སྤུན་མཆེད་ཀྱི་དོན་དུ་ཟད་པའི་ཕ་རྒན་ནི་ཁྱིམ་གྱི་གནམ་འདེགས་ཀྱི་ཀ་བ་དང་། ཕ་ཡུལ་གྱི་མགོན་སྐྱབས་ཡིན། ཨ་ཕ་ཡོད་པའི་ས་དེ་ན་དགོད་སྒྲ་དང་འཛུམ་ཆུང་གིས་ཁེངས། ཨ་ཕ་ཡོད་པའི་ཡུལ་འདི་ན་འོད་ཟེར་དང་དྲོ་སྐྱིད་ཀྱིས་ཕྱུག །

ཨ་ཕ་ལགས། ཁྱེད་ནི་ཁྱིམ་ཚང་ཞིག་གི་ཐབ་ཚང་སྟེང་མར་མེའི་འགྲམ་ན་ཡོད་པའི་བུ་ཕྲུག་སྟོང་གི་རེ་བའི་འོད་སྣང་གི་འབྱུང་ཁུངས་དང་། བདེ་སྐྱིད་ཀྱི་གཞི་མ་ཡིན་ལ་མི་ཡུལ་གྱི་གྲོང་ན་ཆས་པའི་རྨ་བྱ་ཡང་ཡིན། ས་གང་དུ་སོང་ཡང་བརྗེད་ཐབས་མེད་པའི་ཡིད་སེམས་ན་བརྐོས་པའི་ཕྲ་རྒྱན་དོ་ཟླ་བྲལ་བ་ཞིག་ཀྱང་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༨)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明