西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཡུན་རིང་བོར་བའི་དགུན་དུས་ཤིག་རྙེད་པ། ༄༅། །གལ་ཏེ་ང་རང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

放大 缩小 默认

༄༅། །གལ་ཏེ་ང་རང་།

□ 作者 ཚེ་དབང་གཡང་འཛོམས།

གལ་ཏེ་ང་རང་སྤྲིན་ཞིག་ཡིན་ཚེ། འཕུར་ལྡིང་ཆད་པའི་བྱི་ཆུང་དེ་ངའི་ལུས་སྟེང་དུ་ཉལ་བར་འཇུག་འདོད། ཁོ་ཚོར་ངལ་གསོ་བའི་བསྟི་གནས་ཤིག་ནས་སླར་ཡང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མཐའ་ཡས་མཁའ་དབྱིངས་སུ་འཕུར་བར་རམ་འདེགས་ཞུ་འདོད། གལ་ཏེ་ང་རང་སྤྲིན་ཞིག་ཡིན་ཚེ། ངས་ལས་ལ་བརྩོན་པའི་མི་རྣམས་ལ་བསིལ་འཇམ་གྱི་ནམ་མཁའ་ཞིག་བཏེགས་ཏེ་སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་ནས་ཁོ་ཚོར་རྔུལ་ཆུ་ཉུང་ཙམ་དང་འབྲས་བུ་མང་ཙམ་ཡོང་བར་རམ་འདེགས་ཞུ་འདོད།

གལ་ཏེ་ང་རང་ཉི་འོད་ཅིག་ཡིན་ཚེ། ངས་ཆར་རླུང་གིས་དེད་པའི་རྩྭ་ཆུང་དང་གསོན་ཤུགས་ཉམས་པའི་སྐྱེ་དངོས་ཡོད་ཚད་ལ་རང་ལུས་ཀྱི་ནུས་པ་སྦྱིན་པར་འདོད། གལ་ཏེ་ང་ནི་སྨན་པ་ཅིག་ཡིན་ན། ངས་ལྭ་བ་གསར་པའི་ཁུག་མ་ཞིག་ཏུ་འཛུལ་ཏེ་གྱོན་གོས་གསར་པས་སྨན་ཁང་དུ་ལུས་པའི་རྨོ་བོ་ལགས་ཀྱི་སྐུ་གཟུགས་ལ་མཛེས་སྡུག་དང་དྲོད་འཇམ་སྦྱིན་ནས་ཁོང་ནད་གཞི་ལས་མགྱོགས་མྱུར་དྲག་པར་རམ་འདེགས་ཞུ་འདོད།

འོན་ཀྱང་། ང་རང་ནི་སྤྲིན་དང་ཉི་འོད་ག་ལ་ཡིན། ང་ནི་སྔར་བཞིན་དགོད་སླ་ལ་ངུ་སྐྱེན་པའི་བུ་མོ་དཀྱུས་མ་ཞིག་ཡིན། སེམས་སྡུག་སྐབས་ངའི་སྙིང་ཁ་ལ་ན་ཚ་གཏོང་ཞིང་མི་མེད་ཀྱི་ཁུག་ཀྱོག་ཅིག་ན་མིག་ཆུ་ཁྲུམ་ཁྲུམ་དུ་ཤོར་བ་དངོས་ཡོད་གནས་ཚུལ་རེད། སྐབས་དང་མཚམས་རེ་སྤྲོ་སྣང་གི་སྣང་བ་རབ་ཏུ་འཕྱུར་ཏེ་དགའ་བའི་རྣམ་པ་འགོག་མེད་དུ་ངའི་ལུས་ངག་ཏུ་ཤར་ལ་སྤྲོ་སྣང་དེ་ད་ལྟ་རང་འཛམ་གླིང་གི་སྐྱེས་བུ་ཡོངས་ལ་མཉམ་སྤྱོད་དུ་འབུལ་བར་འདོད། དེས་ན་ང་ནི་སྔར་བཞིན་དགོད་སླ་ལ་ངུ་སྐྱེན་པའི་བུ་མོ་དཀྱུས་མ་དེ་ཡིན། ཡིན་ཡང་ང་རང་གཞན་ལ་བསིལ་བ་དང་ངལ་གསོ་སྦྱིན་པའི་སྤྲིན་པ་དེ་བྱེད་འདོད་ལ་ཚེ་སྲོག་ལ་ནུས་པ་དང་དྲོད་འཇམ་སྦྱིན་པའི་སྨན་པ་དེ་དེ་བས་བྱེད་པར་འདོད། དེས་ན་སྨྱུ་གུ་དང་སྣག་ཤོག བསླབ་དེབ་གྲུ་བཞི་དང་སྣག་ཚ་སྔོན་པོ་སོགས་ནི་ངའི་རེ་བ་གྲུབ་པའི་ཡོ་བྱད་ཡིན། ཤེས་བྱའི་རྒྱ་མཚོ་ལ་མཐའ་མེད་ཀྱང་ངས་བརྩོན་པའི་སྐྱ་བ་དཀྲུགས་ཏེ་མདུན་ནས་མདུན་དུ་སྐྱོད་འདོད། ངས་སྤྱིར་བཏང་མི་ཚེ་འདི་ཉིད་སྐབས་རེ་སྤྲིན་པ་ལ་བསྒྱུར་ཅིང་སྐབས་རེ་ཉི་མ་ལ་བསྒྱུར་བའི་ནུས་པ་ཞིག་གི་སྦྱོང་བརྡར་དང་གསོ་སྐྱོང་ལ་འབད་བཞིན་ཡོད།

ང་རང་བུ་མོ་དཀྱུས་མ་ཞིག་ཡིན། ཡིན་ཡང་ང་རང་ལ་དཀྱུས་མ་ཡིན་པའི་ཕུགས་བསམ་ཡོད་ལ་དཀྱུས་མ་མིན་པའི་བྱ་བྱེད་ཀྱང་རྩོམ་བཞིན་ཡོད། ང་རང་ལ་སྨོན་ལམ་ཡོད་ལ་ང་རང་ལ་ལྷག་བསམ་ཡོད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明