西藏青年报藏文版ཕྱོགས་བསྡུས། ཕུགས་འདུན་གྱི་ས་བོན་བཏབ་ནས་འབད་འབུངས་མདུན་སྐྱོད་བྱེད་མཁན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། པར་རིས་གསར་འགྱུར། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་པ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1998ལོ།(1)

★ ཟླ་དང་པོར། རྒྱལ་ཡོངས་ནགས་ལས་འཆར་འགོད་ཚོགས་འདུའི་ཐོག་1998ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཤིང་ཆ་ཐོན་ཚད་ཉུང་འཕྲི་དང་། ཐོན་ཁུངས་སྲུང་སྐྱོང་། མི་སྣ་ཁ་འགྲེམས། ཕན་འབྲས་ཆེར་གཏོང་བཅས་ནང་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 2000ལོའི་ཟླ་10པར། རང་རྒྱལ་གྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།

★ ཟླ་3ཚེས་3ཉིན་ནས་ཚེས་14ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ལི་རུའེ་ཧོའེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཡོད།

★ ཟླ་3ཚེས་5ཉིན་ནས་ཚེས་19ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཅང་ཙེ་མིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྲུའུ་ཞིར་བདམས་པ་དང་། ལི་ཕུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དུ་བདམས་པ། ཀྲུའུ་རུང་ཅི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས་ཡོད།

★ ཟླ་6ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་ལས་བབས་པའི་ལས་བཟོའི་གཞི་རྩའི་འཚོ་བ་འགན་ལེན་དང་བསྐྱར་དུ་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ཡོད།

★ ཟླ་6པའི་ཟླ་དཀྱིལ་ནས་ཟླ་9པའི་ཟླ་སྟོད་བར། རང་རྒྱལ་གྱི་ལྷོ་ཕྱོགས་དང་ལྷག་པར་དུ་འབྲི་ཆུའི་འབབ་རྒྱུད་དང་བྱང་ཕྱོགས་ཀྱི་ནེན་ཅང་གཙང་པོ་དང་། སུང་ཧྭ་ཅང་གཙང་པོའི་འབབ་རྒྱུད་དུ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་ཚབས་ཆེན་ཐོན་ཡོད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་འོག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་འབྲུབ་འགོག་ཉེན་སེལ་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ཀུན་སེམས་གཅིག་སྒྲིལ་དང་། དམངས་སེམས་གཅིག་མཐུན། དཀའ་ངལ་ལ་མི་སྐྲག་པ། འབད་འབུངས་ཡར་བརྩོན། བློ་བརྟན་འགྱུར་མེད། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་འབྲུབ་འགོག་གི་རླབས་ཆེན་སྙིང་སྟོབས་བཏོད་ཡོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明