西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྐྱིད་སྡུག་འདྲེས་མའི་དགུན་དུས་འདིར། ༄༅། །བདག་གི་དམའ་འབྲིང་གི་འཚོ་བ། ༄༅། །དུས་ཚོད།

放大 缩小 默认

༄༅། །བདག་གི་དམའ་འབྲིང་གི་འཚོ་བ།

□ 作者 བཀྲ་ཤིས་ལྷུན་གྲུབ།

དུས་ཚོད་ནི་ཤང་ཤང་ཆུ་མོའོ། །ཟེར་བ་ནི་དངོས་གནས་བདེན་པ་རང་རེད། གོ་མེད་ཚོར་མེད་ངང་ལོ་གསུམ་གྱི་དམའ་འབྲིང་འཚོ་བ་མཇུག་སྒྲིལ་ལ་ཉེ། འདས་ཟིན་པའི་དམའ་འབྲིང་གི་འཚོ་བ་ལ་ཕྱིར་མིག་ཞིག་འཕེན་ཚེ། ངའི་མིག་མདུན་དུ་གློག་བརྙན་སྟོན་པ་བཞིན་ཁྲ་ལམ་མེར་འཁོར་འོངས།

དམའ་འབྲིང་གི་འཚོ་བ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་རྗེས་ང་རང་མགྱོགས་མྱུར་ངང་ལག་རྩེད་སྤོ་ལོ་བཟུང་ནས་ལུས་རྩལ་ཐང་དུ་རྒྱུག་འགྲོ་བའི་རྣམ་པ་འདི་ཡིད་ལ་ཁྲ་ལམ་མེར་འཁོར་ཐེངས་རེར། ལུས་རྩལ་ཐང་དུ་ཡོད་པའི་ང་ནི་ཅི་འདྲིའི་སྤོབས་པ་ཆེ་བའི་མི་ཞིག་ཡིན་ཨང་སྙམ་འོང་།

འདས་སོང་གི་ལོ་ཟླའི་ནང་ངས་སློབ་སྦྱོང་ལ་འབད་པ་དེ་ཙམ་བྱས་མེད་ལ། ཕ་མ་དང་དགེ་རྒན་ལ་དཀའ་ངལ་མི་ཉུང་བ་ཞིག་བཟོས་སོང་། ང་དང་རོགས་པས་མཇུག་འབྲས་ལ་བསམ་བློ་མི་བཏང་བར་སློབ་བྱོལ་གྱི་ལམ་ལ་ཞུགས། ཕ་མ་དང་རྒན་ལགས་རྣམས་ཉིན་མཚན་གཉིས་ཙམ་ཟས་ལ་བཅུད་མེད་ཅིང་། ཉལ་ན་གཉིད་མེད་པའི་སེམས་ཁྲལ་ཆེན་པོ་བྱུང་ཡོད་པ་བསམ་བློ་འཁོར་ཐེངས་རེར་ཡིད་ཀྱི་གཏིང་ནས་འགྱོད་པ་སྐྱེ་འོང་།

ད་ལྟ་ང་ཚོས་རྩེད་མོ་གཅིག་པུར་མགོ་འཁོར་ནས་བསྡད་ན་ག་ལ་འགྲིག ཕ་མས་ང་ཚོར་བཅངས་པའི་རེ་བ་ཆུད་ཟོས་སུ་གཏོང་མ་འདོད་ན། ང་ཚོས་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་རང་གི་མ་ཡུམ་སློབ་གྲྭ་ལ་བག་ཆགས་ཟབ་མོ་ཞིག་འཇོག་དགོས།

ང་ཚོར་མཚོན་ན་དུས་རྒྱུན་སློབ་སྦྱོང་བྱེད་པའི་ཁྲོད་དུ་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་རྒྱུ་གཏན་འཁེལ་རེད། ཡིན་ནའང་ང་ཚོས་དཀའ་ལས་དེ་དག་ལ་མགོ་སྒུར་ནས་མི་སྡོད་པར་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་བ་བྱེད་དགོས།

ང་རང་སློབ་ཐོན་སློབ་མ་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཀྱི་ཕུགས་བསམ་བརྗེད་ག་ལ་རུང་། སློབ་གྲྭ་ཐོན་པར་ཟླ་བ་གཉིས་ལྷག་ཙམ་གྱི་ནང་དུ་ངས་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས། བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་སྦྱོང་ལ་འབད་བརྩོན་བྱེད་ངེས་ཡིན། ཕ་མས་ང་ལ་བཅངས་པའི་རེ་བ་དང་། དགེ་རྒན་གྱི་ང་ལ་བཅངས་པའི་ཡིད་ཆེས་སོགས་ཆུད་ཟོས་སུ་གཏོང་རྒྱུ་མིན།

མཇུག་ཏུ། སློབ་ཐོན་སློབ་མ་ཡོངས་ལ་འབྲིང་རྒྱུགས་ཁྲོད་གཡུར་ཟའི་འབྲས་བཟང་ཐོབ་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུའོ། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༩)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明