1997ལོ།(2)
★ ཟླ་7པར་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་ཐོན། ཟླ་12ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་རྩའི་སྒྱུར་བཅོས་ཟབ་གཏོང་དང་། དངུལ་རྩའི་སྒྲིག་ལམ་དག་ཐེར། དངུལ་རྩའི་ཉེན་ཁར་འགོག་ཟོན་བཅས་སྐོར་གྱི་བརྡ་ཐོ》བཏང་བ་རེད།
★ ཟླ་9ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
★ ཟླ་9ཚེས་12ནས་18ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོགས་ཤིང་། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྙན་སྒྲོན《ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་དུས་རབས་ཉེར་གཅིག་པར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས》ཞེས་པའི་ནང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་མཛུབ་ཁྲིད་ཀྱི་དོན་སྙིང་གཙོ་གནད་ཐོག་རྒྱས་བཤད་བྱས་པ་རེད། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་དང་མཉམ་དུ་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་མ་ཟད། ཏང་གི་སྒྲིག་ཡིག་ནང་དུའང་བཅུག་པ་རེད།
★ ཟླ་9པའི་ཚེས་12ཉིན་ཅང་ཙེ་མིན་གྱིས་ཀྲུང་གུང་ཚོགས་ཆེན་བཅོ་ལྔ་པའི་སྙན་སྒྲོན་ནང་། དུས་རབས་20པའི་ལོ་རབས་80པར་དམག་མི་ཁྲི་100ཉུང་འཕྲི་བྱེད་པའི་རྨང་གཞིའི་སྟེང་རང་རྒྱལ་གྱིས་སླད་ཕྱིན་གྱི་ལོ་གསུམ་ནང་བསྐྱར་དུ་དམག་མི་ཁྲི་50ཉུང་འཕྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། 2003ལོའི་ཟླ་9ཚེས་1ཉིན་ཅང་ཙེ་མིན་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་ཆེན་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་སྐབས། “ལོ་ལྔ་ཚན་དགུ་པའི”རིང་དམག་མི་ཁྲི་50ཉུང་འཕྲི་བྱེད་པའི་རྨང་གཞིའི་སྟེང་2005ལོའི་གོང་རང་དམག་གིས་བསྐྱར་དུ་དམག་མི་ཁྲི་20ཉུང་འཕྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད།
★ ཟླ་9ཚེས་19ཉིན་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་ཙེ་མིན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཅང་ཙེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འབེབས་བྱས་པ། ཝེ་ཅན་ཤིན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་གདམ་རྒྱུའི་ཆོག་མཆན་སྤྲད་ཡོད།
★ ཟླ་11ཚེས་8ཉིན་འབྲི་ཆུའི་འགག་གསུམ་ཆུ་བེད་ལྟེ་བའི་ལས་གྲྭས་ཆུ་བཀག་ཐུབ་ཡོད། 2012ལོའི་ཟླ་7ཚེས་4ཉིན་འབྲི་ཆུའི་འགག་གསུམ་ལས་གྲྭའི་གློག་ཆན་ཝ་ཁྲི་70ཟིན་པའི་འཕྲུལ་ཚན་ཆེ་གྲས་མཇུག་ཤོས་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས་ནས་གློག་གཏོང་འགོ་ཚུགས་ཡོད།
★ ཟླ་12ཚེས་24ཉིན་ཅང་ཙེ་མིན་གྱིས་རྒྱལ་ཡོངས་ཀྱི་ཕྱི་དངུལ་ལས་དོན་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་སྐབས། “ནང་འདྲེན”དང“ཕྱིར་སྐྱོད”ནི་ང་ཚོའི་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་ཟུང་དུ་འབྲེལ་བ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ཕྱོགས་གཉིས་ཡིན་པས། གཅིག་ཀྱང་ཆད་མི་རུང་ལ་འདི་ནི་འཐབ་ཇུས་ཆེན་པོ་ཞིག་ཀྱང་ཡིན་ཞེས་གསུངས་ཡོད།
★ ཟླ་12པར་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ། “རྒྱལ་ཁ་ལེན་ཐུབ་པ”དང“ངོ་བོ་མི་འགྱུར་བའི”ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་གཉིས་བཏོན་ཡོད། ཚོགས་འདུར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི“གོམ་སྟབས་གསུམ་སྤོ་བའི”འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་ཡོད།