འདི་ནི་འཕྲལ་སྡོམ་ནང་སྦྱོང་བྱེད་རིང་འབྲེལ་ཡོད་ཟ་ཁང་ལ་གསོ་རིག་གི་ཞིབ་བཤེར་བྱེད་བཞིན་པ།
ཉེ་དུས་གཞིས་རྩེ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་ལས་ཁང་གིས་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས། བསམ་གྲུབ་རྩེ་ཆུས་སྲིད་གཞུང་། བསམ་གྲུབ་རྩེ་ཆུས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་ལས་ཁང་སོགས་ཚན་པས་བཟའ་བཅའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་རིམ་གསུམ་འཕྲལ་སྡོམ་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ནང་སྦྱོང་ལ་གནས་ཚུལ་ཐོན་ཡུལ་སྔོན་ནས་གཏན་འཁེལ་བ་དང་ས་གནས་ས་ཐོག་ཏུ་ནང་སྦྱོང་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ། བསམ་གྲུབ་རྩེ་ཆུས་ཀྱི་ཟ་ཁང་ཞིག་ཏུ་ཡུལ་སྐོར་ཚོགས་པ་ཞིག་གིས་དེ་གར་ཟ་མ་བཟས་རྗེས་རིམ་གྱིས་སྐྱུག་པ་ཤོར་བ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་ནད་རྟགས་ཐོན་མཁན་མང་དུ་ཕྱིན་པ་དང་སྦྲགས། བསམ་གྲུབ་རྩེ་ཆུས་སྲིད་གཞུང་དང་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས《གཞིས་རྩེ་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་བཀོད་ཇུས་གཞི》ཡི་གཏན་འབེབས་གཞིར་བཟུང་། རིམ་བཞི་དང་རིམ་གསུམ་གྱི་འཕྲལ་སྡོམ་དང་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྨན་བཅོས་རོགས་སྐྱོབ་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་ཏེ། འབྲེལ་ཡོད་དཔང་རྟགས་ལ་དམིགས་ནས་གནད་དོན་ཐོན་རྐྱེན་ལ་བརྟག་དཔྱད་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་བ་དང་། ཐོལ་བྱུང་དོན་རྐྱེན་ལ་ཚོད་འཛིན་དང་འབྲེལ་ཡོད་ཀྱི་འཕྲལ་སྡོམ་ཐག་གཅོད་བརྒྱུད་རིམ་ལ་ཐག་གཅོད་ནན་པོ་བྱས་པའི་སྐོར་གྱི་བདེ་འཇགས་ཤེས་བྱ་ནང་སྦྱོང་བྱས་པ་རེད།