1996ལོ།
★ ཟླ་3ཚེས་8ནས་25ཉིན་བར་ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པར་ཆོད་སེམས་དང་། བྱ་ཐབས། ནུས་པ་བཅས་རྦད་དེ་ལྡན་ལུགས་མངོན་པ་དང་། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ཟིལ་གྱིས་གནོན་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་གིས་ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོར་འཕུར་མདེལ་འཕེན་པའི་སྦྱོང་བརྡར་བྱས་པ་དང་འབྲེལ་ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོར་མཚོ་མཁའི་མདེལ་དངོས་ནང་སྦྱོང་དང་ཐའེ་དབན་མཚོ་འགག་ཏུ་སྐམ་མཚོ་མཁའ་གསུམ་དམག་གི་མཉམ་འབྲེལ་ནང་སྦྱོང་བྱས་པ་རེད། 1998ལོའི་ཟླ་6ཚེས་30ཉིན་ཨ་རིའི་ཙུང་ཐུང་ཁེ་ལིན་ཏུན་གྱིས་ཀྲུང་གོར་འཚམས་འདྲི་གནང་རིང་ཧྲང་ཧའེ་ཡི་གྲོང་མི་དང་བཞུགས་མོལ་གནང་སྐབས། ཨ་རིས“ཐའེ་དབན་རང་བཙན”དང་། “ཀྲུང་གོ་གཅིག་དང་ཐའེ་དབན་གཅིག”“ཀྲུང་གོ་གཉིས”བཅས་ལ་རྒྱབ་སྐྱོར་མི་བྱ་རྒྱུ་མ་ཟད། བདག་དབང་རྒྱལ་ཁབ་མ་གཏོགས་ཞུགས་མི་ཆོག་པའི་རྒྱལ་སྤྱིའི་རྩ་འཛུགས་གང་རུང་ནང་ཐའེ་དབན་ཞུགས་པར་རྒྱབ་སྐྱོར་མི་བྱ་རྒྱུའི་བསྐྱར་བསྒྲགས་ཡོངས་བསྒྲགས་ངང་བྱས་པ་རེད།
★ ཟླ་3ཚེས་19ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཤིན་ཅང་གི་བརྟན་ལྷིང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།
★ ཟླ་4ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཀྲམ་པ་རེད། 2015ལོའི་ཟླ་12ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》བཀྲམ་པ་རེད།
★ ཟླ་10ཚེས་7ནས་10ཉིན་བར་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད།
★ ཟླ་12ཚེས་9ནས་12ཉིན་བར་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ཚོགས་འདུ་འཚོགས་པ་དང་། 1997ལོའི་ཟླ་1ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འཕྲོད་བསྟེན་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད།