西藏青年报藏文版ཕྱོགས་བསྡུས། སྐྱེ་ཁམས་ཀྱི་སྣོད་བཅུད་ལ་བརྟེན་ནས་གཞི་བརྟན་གྱི་ཁྱིམ་གཞིས་སྐྲུན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

放大 缩小 默认

སྐྱེ་ཁམས་ཀྱི་སྣོད་བཅུད་ལ་བརྟེན་ནས་གཞི་བརྟན་གྱི་ཁྱིམ་གཞིས་སྐྲུན་དགོས།

□ 作者 བསོད་ནམས་བཀྲིས།

རང་བྱུང་ཁམས་ཀྱི་ཕྱོགས་བཞིའི་མཚམས་བརྒྱད་དུ་ཚང་ཚིང་ནགས་ཚལ་གྱིས་བུ་མོར་ལྗང་མདོག་གི་གོས་རྒྱན་བཀླུབས་པ་དང་འདྲ་། ཡན་ལག་བརྒྱད་ལྡན་གྱི་གཙང་ཆབ་སྔོན་པོ་དལ་བུར་རྒྱང་རིང་ཡུལ་དུ་བཞུར་བཞིན་ཡོད་པས་གནས་འདི་ནི་སྒྱུ་རྩལ་མཁས་པའི་པིར་རྩེ་ལས་གྲུབ་པའི་བརྩམས་ཆོས་ཤིགས་དང་། འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་བོའི་མིག་ལམ་དུ་འདྲེན་པར་བྱེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་ཁོར་ཡུག་དེ་བས་མཛེས་ཤིང་ལྟ་ན་སྡུག་པ་དང་། མཁའ་རླུང་དེ་བས་གཙང་བ། མྱུར་མཞིན་དུས་མཚུངས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་ནས་ལྗང་མདོག་སྔོ་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་བཞིན་ཡོད་ལ་སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་། མིའི་རིགས་འཕེལ་རྒྱས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རང་རྒྱལ་སྤྱི་དམངས་ཡོངས་ཀྱི་ཐུན་མོང་དགོས་མཁོའི་བསམ་འདུན་ཡིན་པ་མ་ཚད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་མ་ལག་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་། འབྲེལ་བ་དམ་ཟབ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིས་ཤིང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། རྩ་བའི་རང་བཞིན། གསར་གཏོད་རང་བཞིན། ཕུགས་རྒྱང་རང་བཞིན་བཅས་ལྡན་པའི་མཛེས་སྡུག་ཤེས་དཔལ་གྱི་ཀྲུང་ཧྭ་འཛུགས་གཏོད་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་སྤོ་འགོ་ཚུགས་ཡོད།

སྣོད་བཅུད་སྲུང་སྐྱོབ་དང་། གཙིགས་ཆེན་བྱ་རྒྱུར་མཐའ་འཁྱོངས་དང་། སྲ་བརྟན། ལྷོད་གཡེངས་མི་འགྲོ་བར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་མ་ལག་བསྐྲུན་པ་དང་། ཆུའི་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ཏེ་ནུས་ལྡན་གྱི་ཁོར་ཡུག་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་དགོས། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ནི་ཕ་མེས་ཡང་མེས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འབད་སེམས་ཆེན་པོ་ཡོད་དེ་སྤྱིའི་ཆ་ནས་བརྗོད་ན་རང་རེའི་བོད་ཁུལ་གྱི་གནས་ཡུལ་འདིར་རི་ཆུ་ཀླུང་ཐང་སོགས་ལ་རྩ་ཆེའི་རྒྱལ་ཁབ་རིམ་པའི་འདབ་ཆགས་རིགས་དང་རྩ་ཆེའི་རིན་བྲལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་སྣེ་མང་གྲངས་འབོར་མང་བ་མ་ཟད་སྲོག་ཆགས་དེ་རིགས་ཚང་ཚིང་ནགས་ཚལ་དང་། ཡངས་པའི་རྩྭ་ཐང་། བདེ་བའི་སྤང་གཤོང་བཅས་སུ་ལོ་གཅིག་དུས་བཞིའི་འགྱུར་བ་དང་། གནམ་གཤིས་ཀྱི་ཚ་གྲང་འགྱུར་བ་བཅས་ལ་གཞིགས་ནས་ཐུན་མོང་མ་ཡིན་པའི་སྐྱིད་ཅིང་བདེ་བའི་གང་འདོད་ཅི་དགར་འཚོ་གནས་བྱེད་བཞིན་ཡོད།

ཕྱོགས་མཚུངས་གནས་འདིར་རྩ་ཆེའི་རི་སྐྱེས་སྨན་རྩྭ་ཡང་ཤིན་ཏུ་མང་པོ་སྐྱེས་འཚར་དང་། སྨན་རྫས་ཐོན་ཁུངས་དང་ཕན་ནུས་ཀྱི་རིན་ཐང་འཛམ་གླིང་ཐོག་ལེགས་གྲས་མདུན་གྲལ་གྱི་ཚད་གཞིར་སླེབས་ཡོད།

རང་བྱུང་ཐོན་ཁུངས་དེ་ཚོར་ཡང་ཕ་མེས་རྒན་རབས་མང་པོའི་བསླབ་བྱའི་ཁྲིད་སྟོན་འོག་རྒྱུན་དུ་ས་བརྐོ་རྡོ་སློག་མི་བྱེད་པ་དང་། གང་བྱུང་གི་རི་སྐྱེས་སྲོག་ཆགས་རྔོན་མི་རྒྱག་པ་། རྩྭ་ཆུ་སྤང་ཐང་དང་། རྩི་ཤིང་ནགས་ཚལ་ཁུལ་ལ་གཏོར་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད་།སྐྱེ་ཁམས་ཁོར་ཡུག་ཏུ་བཙོག་གཅིན་རིགས་གང་བྱུང་དུ་མི་གཡུགས་པར་སྐྱེ་ཁམས་ཁོར་ཡུག་དེ་བས་སྲུང་སྐྱོང་བྱ་རྒྱུ་ནི་མི་རབས་ནས་མི་རབས་བར་གྱི་ངེས་སུ་དོར་ཐབས་མེད་པའི་ལས་འགན་ལྗིད་པོ་ཞིག་ཡིན་པ་ར་འཕྲོད་གཏིང་ཟབ་བྱུང་ཡོད། ད་ལྟ་རང་རྒྱལ་གྱི་རྒྱལ་ཁོངས་སུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྒྱང་སྐྱོད་ལམ་བུའི་ཐོག་རྒྱལ་ཁབ་དང་སྲིད་གཞུང་གི་སྲིད་ཇུས་ཁོ་ནར་བརྟེན་མི་དགོས་པར་སྤྱི་དམངས་ཡོངས་ཀྱི་ཕྲག་དོག་ཏུ་བབས་པའི་འོས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་ཕ་མེས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་མིའི་རིགས་དང་། རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐོག་ཉིན་རེ་བཞིན་ཁོར་ཡུག་དེ་བས་གཙང་བ་དང་། ཡུལ་ལྗོངས་དེ་བས་མཛེས་པ་བཅས་ཀྱི་མི་དམངས་ཀྱི་འདོད་བློ་དང་། དུས་རབས་འདོད་མཐུན་གྱི་མདུན་ལམ་རེ་སྒུག་འཚོ་བ་དེ་བས་བདེ་སྐྱིད་ཡོང་ཆེད་རང་ནུས་གང་ཡོད་འདོན་སྤེལ་དང་། རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་གཞི་བརྟན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པ་དེ་ཡིན་ནོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明