西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དུས་ཚོད་ལ་གཅེས་སྤྲས་བྱ་འོས། ༄༅། །དྲིན་ཆེན་གྱི་མ་ལོ་ལགས། ༄༅། །ལོ་འདབ་གཡོ་བའི་བསིལ་རླུང་།

放大 缩小 默认

༄༅། །ལོ་འདབ་གཡོ་བའི་བསིལ་རླུང་།

□ 作者 འདྲུ་བཀྲ་ཤིས་རྒྱལ།

མིག་མདུན་གྱི་སྒེའུ་ཁུང་ལས་མགོ་བོ་བསྲིངས་ཏེ་རྒྱང་རིང་ལ་མིག་ཟུང་ཅེར་དུས། ཡལ་འདབ་གཡོ་ཞིང་འཁྱོམ་པའི་སྡོང་པོ་དག་ཡིད་དུ་འོང་། ལོ་དང་ཟླ་བ་ཆུ་སྲང་རེ་རེས་འཇལ་བཞིན་ཡོད་ཀྱང་། གྲང་ཟུག་ལ་འཇིགས་ཤིང་དངངས་པའི་བར་རུམ་ནས་སྟག་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད། ད་གཟོད་དཔྱིད་ཀ་ནི་སེམས་སྣང་སྤྲོ་བའི་དུས་ཚིགས་ཤིག་ཡིན་པ་ཝ་ལེར་རྟོགས།

ཕྱོགས་ཀྱི་ཞིང་པ་དག་ནི་སོ་ནམ་ལས་ལ་བརྩོན་བཞིན་ཡོད་ངེས་ཀྱང་། གྲོང་ཁྱེར་གྱི་མི་རྣམས་སྔར་རྒྱུན་བཞིན་ཕར་འགྲོ་ཚུར་འོང་གི་ཚུལ་དུ་གནས། འཚོ་བའི་དོན་དུ་མི་ནི་ངལ་ཞིང་དུབ་མོད། དེ་ལྟར་ནའང་སུས་ཀྱང་རང་ཉིད་ཀྱི་ཆེད་དུ་ངལ་བར་སྡུག་ཡུས་མ་བྱས།

གནམ་ངོ་ཤིན་ཏུ་ནས་གཡའ་དག ཉི་ཟེར་ནི་དྲོད་ཀྱིས་ཡུག་གཅིག་ཏུ་སྦྲེལ། གངས་རིའི་འདབས་རོལ་ནས་གངས་ཆུ་ཤང་ཤང་དུ་རྒྱུག སྔོ་ལྗང་གི་ལོ་འདབ་རབ་དང་རིམ་པར་བཞད། ལུས་སེམས་དགའ་བའི་རླུང་བུ་དལ་གྱིས་གཡོ་བས། སྨྲ་བརྗོད་བྲལ་བའི་བདེ་བས་རབ་ཏུ་མྱོས། དཔྱིད་ཀ་ཡིད་ལ་ཇི་ལྟར་འོང་བ་ཇི་བཞིན་དུ། མི་རྣམས་ཀྱང་བདེ་དགའི་དཔལ་གྱིས་མཛེས་སྡུག་རྣམ་པར་བཀྲ། ཆེས་གདོད་མ་ནས། དཔྱིད་ཀ་ནི་ཕུགས་བསམ་གྱི་འགོ་འཛུགས་ས་དེ་ཡིན་ངེས།

གངས་དང་འཁྱགས་པ། ཡང་ན་གསེར་མདོག་གི་རྩྭ་ཐང་དང་། ནགས་ཀྱི་རི། དེ་དག་ཀྱང་བཞུར་འགྲོ་བ་དང་འགྱུར་འགྲོ་བའི་བར་ཚིགས་སུ། མཚམས་སྤྲིན་ནི་རི་བོའི་རྩེ་མོར་བྲོ་གར་འཁྲབ། རབ་རིབ་ཏུ་གཡོ་བའི་སྤྲིན་པ་དག་ཀྱང་། རླུང་བུའི་འགྲོས་བཞིན་དུམ་བུར་འཐོར། དེ་ལྟར་ནའང་། མེ་ཏོག་དང་ལོ་འདབ་བཞད་པའི་དཔྱིད་ཀར། བསིལ་རླུང་གི་རེག་བྱ་འཇམ་པོའི་ལོངས་སྤྱོད་ལ་རོལ།

སྦྲང་ཆར་བསིལ་མས་ས་གཞིའི་རྡུལ་འཚུབ་ཞི་བར་བཏང་། འཇའ་ཚོན་སྣུམ་པོ་ནི་ཉི་ཟེར་བཞིན་བྱིས་པའི་མཚར་སྣང་དུ་གྱུར། ལྷ་སྒྲུང་གི་འཇིག་རྟེན་དུ་འཇའ་ཚོན་ནི་ལྷ་ཡུལ་གྱི་ཐེམ་སྐས་ལགས། རི་ཀླུང་ཆར་ཆུས་བརླན་པས་དྲི་ངད་འཐུལ། བྱིས་དུས་བསམ་ཚེ་དཔྱིད་ཆར་གྱིས་དྲན་པ་མང་པོ་རྣམ་པར་གསལ། སྔོ་ལྗང་གི་རྩི་ཤིང་རིམ་གྱིས་འབུས་པའི་དཔྱིད་ཀ ང་རང་ད་ལྟའང་ཁྱོད་ལ་བློ་གཏད་ནས་ཡོད།

དྲོད་ལ་ཐིམ་པའི་ནམ་དུས་དེ་ནི། སོ་ནམ་པ་དག་གི་རེ་བའི་ཕུགས་འདུན་འཚོལ་ས་ཡིན། དལ་ཁོམ་ཡོད་ཚད་ཀྱི་སྣང་བ་གར་ལ་འཁྲབ་བཞིན། སྟོན་ཁ་ཡིད་ལ་སྡུག་པ་ཞིག་ལ་རེ་སྒུག་བྱེད་པའི་ནམ་དུས་ཡིན། ཐ་ན་ཚེ་སྲོག་མང་དག་ཅིག་ཀྱང་རྩི་ཤིང་དང་མཉམ་བཞད་བྱེད་པའི་ནམ་དུས་ཡིན།

མྱུ་གུ་མང་དག་ཅིག སྙིང་ལ་སྡུག་པའི་བྱིས་པ་ཇི་བཞིན་དལ་གྱིས་འབུས། རླུང་བུའི་སྡོང་གྲོགས་འོག་མགོ་ལྕོག་ལྡེམ་བཞིན། འཇིག་རྟེན་གྱི་ངོ་མཚར་ལ་མྱུལ་ཞིབ་བྱེད། ཉི་ཟེར་འཆར་ནུབ་ཀྱི་འགྲོས་ལྟར་འཚོ་ནའང་། ཆུ་བོའི་རླབས་ལ་ཡང་ཡང་ལྟ། དུས་དེར། གངས་ཆུ་གཙང་མ་རྫ་ཆུར་འདྲེས་ཏེ། རི་བོའི་ངོགས་དང་གཙང་པོའི་འཇིངས་སུ་རྒྱུ། བསིལ་རླུང་ཇི་བཞིན་དལ་གྱིས་རྒྱུ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明