西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འཁྲུངས་སྐར་བསུ་བའི་སྙན་དབྱངས་རྟགས་བརྒྱད་མཆོད་པ། ༄༅། །ངའི་དམའ་འབྲིང་འཚོ་བ། ༄༅། །དྲིན་ཆེན་གྱི་མ་ལོ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

放大 缩小 默认

༄༅། །དྲིན་ཆེན་གྱི་མ་ལོ།

□ 作者 རིན་ཆེན་པདྨོ།

གུས་མོའི་ཨ་མ་ལགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པའི་བུད་མེད་དཀྱུས་མ་ཞིག་ཡིན། གུས་མོ་ཡང་གཞན་དང་འདྲ་བར་དྲིན་ཆེན་ཨ་མའི་མངལ་གྱི་གུར་ཁང་ཡངས་པོ་ན་ཟླ་དགུ་ཞག་བཅུར་ཨ་མའི་ཟས་ཀྱི་འཚོ་བཅུད་ལ་བརྟེན་ནས་ཚེ་སྲོག་གི་རྒྱུན་བསྐྱངས་བཞིན་རྣམ་ཤེས་ཕྲ་མོའི་འཇུ་ཐག་ལ་འཐམ་ནས་དབྱར་ཟླ་འགོ་མའི་ཉིན་ཞག་ལ་འཇིག་རྟེན་འཁོར་བའི་ཞིང་འདི་ན་ལྟེ་ཁྲག་འཕོས་པའི་ཚུལ་ཡུམ་ཆེན་གྱི་ཞལ་ནས་ཐོས།

ངའི་ཨ་མ་ལགས་ནི་གསལ་བྱེད་སུམ་ཅུའི་འགོ་ཙམ་ཡང་མི་ཤེས་པའི་ཡིག་རྨོངས་པ་ཞིག་ཡིན་མོད། གུས་མོའི་སེམས་སུ་ཁོང་ནི་རང་གི་བུ་ཕྲུག་ལ་བསླབ་བྱ་བྱེད་མཁས་པའི་མཛངས་མ་ཞིག་ཏུ་བརྩི་བཞིན་ཡོད། གང་ལགས་ཤེ་ན་ཁོང་གིས་དུས་རྒྱུན་དུ་དྲག་ཆར་རླུང་འཚུབ་ཀྱི་ཁྲོད་དུ་དཀའ་བ་དང་དུ་བླངས་ནས་ཕྱུགས་ཟོག་འཚོ་བར་འགྲོ་བ་མ་ཟད་ང་ཚོ་བུ་ཕྲུག་ཚོར་འགྲོ་འདུག་སྤྱོད་གསུམ་གྱི་ཐད་ནས་བསླབ་བྱ་གང་མང་གནང་བཞིན་ཡོད་ལ། དུས་རྒྱུན་དུ་སྐྱེས་པའི་མི་ལ་བྱས་པའི་ལས་དགོས། བྱས་པའི་ལས་ལ་གྲུབ་པའི་མཐའ་དགོས་ཞེས་བྱ་བ་གང་དང་གང་བྱས་ཀྱང་འགོ་ཡོད་ལ་མཇུག་ཡོད་པ་ཞིག་བྱེད་དགོས་པའི་བསླབ་བྱ་གང་མང་གནང་མྱོང་བས་སློབ་སྦྱོང་ཡང་དེ་ལས་མ་འདས།

དྲིན་ཆེན་གྱི་མ་ལོ་ལགས། ཁྱེད་ཀྱིས་བདག་ལ་བཅངས་པའི་བརྩེ་བ་ནི་ཆུ་གཏེར་བཞིན་གཏིང་མཐའ་མི་དཔོག་ལ་ཁྱེད་ཀྱིས་འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་ནས་བདག་ལ་བསྩལ་བའི་རིན་བྲལ་གྱི་བཀའ་སློབ་དག་ནི་ངའི་མི་ཆེ་ཧྲིལ་པོའི་བསམ་པའི་རྒྱགས་ཕྱེ་ཡིན་པས་ངས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཉིད་ཀྱི་བཀའ་དྲིན་དྲན་བཞིན་ཡོད། ཁྱེད་ཉིད་ཀྱི་བརྩེ་བ་བསམ་བཞིན་ཡོད། མཚམས་འདིར་གུས་མོས་འཛམ་གླིང་སྐྱེས་མའི་ཉིན་མོ་འདི་དང་བསྟུན་ནས་འོ་བརྒྱལ་ཆེ་སོང་ཞུ་རྒྱུ་ཡིན། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ་༡(༣)

ཟུར་ཁྲིད་དགེ་རྒན། བསྟན་འཛིན་ཆོས་གྲགས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明