西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འཁྲུངས་སྐར་བསུ་བའི་སྙན་དབྱངས་རྟགས་བརྒྱད་མཆོད་པ། ༄༅། །ངའི་དམའ་འབྲིང་འཚོ་བ། ༄༅། །དྲིན་ཆེན་གྱི་མ་ལོ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

放大 缩小 默认

༄༅། །ངའི་དམའ་འབྲིང་འཚོ་བ།

□ 作者 པད་མ་ཆོས་མཚོ།

ལང་ཚོའི་འཕེལ་འགྲིབ་ནི་ཟླ་བའི་རྗེས་སུ་སྙེགས་ཤིང་། དེ་ལ་དཔང་རྟགས་བྱེད་ཐུབ་མཁན་ནི་དུས་ཚོད་ལས་ཅི་ཡང་མ་མཆིས།

རེད་ཨང་། དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ལ། ལྕང་ལོ་སེར་པོར་གྱུར་གྱིན་སྟོན་ཁ་གམ་དུ་སླེབས་བྱུང་། ཁ་བ་ལྷུག་པོར་འབབ་ཀྱིན་དགུན་ཁ་སླེབས་བྱུང་། དུས་ཚིགས་བཞི་ཡི་རེས་མོས་ནི་བགྲང་བྱ་རེ་མདུན་དུ་བསྐྱོད་པའི་མཚོན་བྱེད་ཡིན། གསན་དང་། སྐྱེས་སྐར་གྱི་དབྱངས་རྟ་ལས་བྱིས་པ་འདི་ལོ་གཅིག་འཚར་ལོངས་བྱུང་བའི་དགོད་སྒྲ་དང་། ཕ་མ་སྐྲ་དཀར་ཇེ་མང་དུ་འགྲོ་བའི་དན་རྟགས་རེ་ཡིན་ངེས། དུས་ཚོད་ནི་ཆུ་མོའི་བཞུར་རྒྱུན་གྱི་དབྱངས་རྟ་ལ་བཞོན་ནས་ཚད་དང་ཚོད་མེད་པར་མདུན་ཕྱོགས་སུ་བཞུར་འགྲོ་བས་འུ་ཅག་གིས་དེ་དག་ཆུད་ཟོས་སུ་མི་གཏོང་བར་དམ་འཛིན་བྱེད་རྒྱུ་ནི་ཕྲག་ཐོག་ཏུ་འབབ་པའི་འགན་འཁྲི་ལྕི་མོ་ཞིག་མ་ཡིན་ནམ།

དམའ་འབྲིང་ཐོན་ལ་ཉེ་བའི་བདག་ལ་མཚོན་ན་དུས་ཚོད་ལ་སྔར་བས་དམ་དུ་འཛིན་བྱེད་དགོས་ཏེ། འབྲིང་རྒྱུགས་དང་ཁ་ཐག་ཉེ་བས། རང་ཉིད་ཀྱི་ཕུགས་འདུན་དང་ཇེ་ཉེར་སོང་བས། རང་གི་མི་ཚེར་ཁ་ལོ་བསྒྱུར་བའི་འགག་རྩར་སླེབས་པས་སོ། །

དགའ་སྐྱོ་འདྲེས་མའི་མི་ལོ་གསུམ་གྱི་འཚོ་བ་ནི་ཆེས་ཡུན་རིང་བའི་དུས་ཚོད་ཅིག་ཏུ་སྒོམ་ཆོག་ལ་ཆེས་ཡུན་ཐུང་ཞིག་ཀྱང་རེད་ཅེས་འབོད་ཆོག དང་ཐོག་མར་དམའ་འབྲིང་གི་འཚོ་བའི་གྲུ་ཟུར་ནས་སློབ་གྲོགས་ཕན་ཚུན་ངོ་མ་ཤེས་པའི་སྐྱོ་སྣང་དང་། ད་ཆ་ཁ་བྲལ་ལ་ཉེ་བའི་བྲལ་མ་ཕོད་པའི་མཛའ་བརྩེ་ནི་སྤུན་མཆེད་དང་གཅེན་གཅུང་གི་ངང་ཚུལ་དང་ཉེ་བར་སྣང་། དྲན་གསོ་ཞིག་བྱས་ན། དང་པོར་དགེ་རྒན་འདི་གཤིས་ཀ་གང་འདྲ་ཞིག་ཡོད་བསམ་པ་ནས། ད་ཆ་ཁྱེད་ཀྱི་མིང་ཙམ་མ་ཟད་བཀའ་སློབ་རྣམས་ཀྱང་བདག་གི་སེམས་སུ་རྡོ་བརྐོས་རི་མོ་བཞིན་ངེས་པ་སོགས་མདོར་ན། ངས་ཁྱེད་རྣམས་བློ་ཡིད་ལས་དོར་མི་འདོད།

བདག་གི་གཅེས་པར་འོས་པའི་དམའ་འབྲིང་གི་འཚོ་བ། ཁྱེད་ཀྱིས་གཙུག་ལག་གི་རྒྱ་མཚོའི་ཀློང་ནས་བདག་ལ་ཤེས་རིག་སློབ་བྱུང་། ཁྱེད་ནི་མ་ཡུམ་བཞིན་ང་རང་གསོ་སྐྱོང་གི་ངལ་བ་བསྐྱངས། ཁྱེད་ནི་བདག་གི་དྲིན་ཆེན་ཏེ། བདག་ལ་མི་ཚེའི་ཁ་ཕྱོགས་བསྟན་བྱུང་། ཁྱེད་ཀྱི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད།

ཡིན་ཡང་འཛོམས་པའི་ཐ་མ་བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ལགས་པས་ཁྱེད་ཉིད་རང་གི་ཕུགས་འདུན་དང་སང་ཉིན་གྱི་ཆེད་དུ་འབད་བརྩོན་གྱིས་ཤིག་ཨང་། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༧)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明