ཚེ་བརྟན་ནོར་བུ་ནི་ངའི་སློབ་གྲོགས་ཡིན་པ་མ་ཟད། ངའི་གྲོགས་པོ་ཡག་ཤོས་ཤིག་ཀྱང་ཡིན། ང་གཉིས་ནི་ལོ་མཉམ་ཡིན་ནའང་ཁོང་ཤ་རྒྱགས་ལ་སྒོར་ཞིང་དཀར་བའི་ངོ་གདོང་དང་། སྤྱང་གྲུང་ལྡན་པའི་འདྲེན་བྱེད་གཉིས་ཀྱི་རྣམ་འགྱུར་སོགས་ནི་རྡོ་བརྐོས་ཀྱི་རི་མོ་བཞིན་ངའི་སེམས་ནང་ནམ་ཡང་བརྗེད་ཐབས་མེད།
ཁོང་ནི་ང་ཚོའི་འཛིན་གྲྭའི་ནང་སློབ་སྦྱོང་ཡག་ཤོས་མིན་ཡང་བསམ་པའི་ཁྱེར་སོ་ཧ་ཅང་གི་ཕུན་སུམ་ཚོགས་པོ་ཡོད། ནམ་རྒྱུན་ང་ཚོ་སློབ་ཚན་གྲོལ་ནས་རྩེད་མོ་འདྲ་མིན་སྣ་ཚོགས་རྩེ་ཡི་ཡོད་ལ་ད་དུང་རྩེད་མོ་རེར་མིང་རེ་འདོགས་རྒྱུ་ཡོད། དེར་བརྟེན་ངའི་བསམ་ཚུལ་ལ་ཁོ་པ་ཆེན་པོ་ཆགས་རྗེས་འཇོན་ཐང་ཅན་ཞིག་ཆགས་རྒྱུ་རེད་སྙམ་བྱུང་།
ཁོང་ནི་བློ་རིག་གསལ་ལ་ཐབས་ཇུས་མཁས་པའི་སློབ་མ་བཟང་པོ་ཞིག་རེད་ལ། ང་ཡི་གྲོགས་པོ་བློས་ཐུབ་ཞིག་ཀྱང་ཡིན་ནོ། །