西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྲིན་ཕ་མ་དཀར་གསལ་ཉི་མ་འདྲ། ༄༅། །ཕུགས་བསམ། ༄༅། །ང་ཡི་གྲོགས་པོ། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་ཁག་དང་པོས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཏན་ཏིག་སྤེལ་བ།

放大 缩小 默认

༄༅། །དྲིན་ཕ་མ་དཀར་གསལ་ཉི་མ་འདྲ།

□ 作者 འོད་གསལ་སྒྲོལ་མ།

འཇིག་རྟེན་འདིའི་ཐོག་ཏུ་ང་རང་ལ་བྱམས་ཤོས་དང་བརྩི་ཤོས་གནང་མཁན་ནི་དྲིན་ཆེན་གྱི་ཕ་མ་རྣམ་གཉིས་ཡིན་ལ། རང་ཉིད་ངོས་ནས་ཀྱང་བརྩེ་བ་ཟབ་ཤོས་ཕ་མ་རྣམ་གཉིས་ཡིན། བུ་རྒྱུད་ཀྱི་ངོས་ནས་འཇིག་རྟེན་ཁམས་ལ་དྲིན་ཆེ་ཤོས་ཕ་མ་རྣམ་གཉིས་ལས་སུ་ཡང་ཡོད་མི་སྲིད།

ཕ་མས་ང་ཚོའི་ཆེད་དུ་ཞོགས་སྔ་ལངས་བྱས་ཏེ་ཞོགས་ཟས་གྲ་སྒྲིག་དང་། དགོང་ཕྱི་ཉལ་བྱས་ཏེ་ སློབ་སྦྱོང་ལ་དོ་ཁུར་བྱེད། རྒྱུན་དུ་སློབ་ཆས་སོགས་རང་ལ་མཁོ་དགོས་ཀྱི་ཅ་ལག་རྣམས་མཁོ་འདོན་བྱེད་པ་དང་། སློབ་གོས་སོགས་གྱོན་པའི་རིགས་རང་གིས་ལག་པ་འགུལ་ཙམ་ཡང་བྱེད་མི་དགོས་པར་འཁྲུ་རོགས་བྱེད། སྐབས་རེ་ང་ཚོས་རང་ཉིད་ཀྱི་གདོང་པར་ནག་དྲེག་ཡོད་མེད་མེ་ལོང་དུ་ལྟ་བ་ཙམ་མ་ཡིན་པར་ཕ་མ་རྣམས་གཉིས་ཀྱི་གདོང་ལ་གཟིགས་ཙམ་གནང་དང་། ཁོང་ཚོའི་གདོང་ལས་དཀའ་བའི་རྔུལ་ནག་ཐོན་པ་མཐོང་ཐུབ་ཅིང་རྒས་བའི་གཉེར་རིས་དོད་པ་ཡང་རིག་ཐུབ།

ཁོང་རྣམ་གཉིས་ཀྱིས་བུ་མོར་ཚེ་སྲོག་སྦྱིན་པ་མ་ཟད་བྱམས་ཀྱིས་བསྐྱངས་ཏེ་དྲོ་སྐྱིད་ལྡན་པའི་ཁྱིམ་ ཚང་འདི་བསྐྲུན་གནང་བ་རེད། དེ་སྔོན་ང་རང་ཆུང་དྲགས་ནས་རྩེད་མོར་མགོ་འཁོར་བའི་རྐྱེན་གྱིས་ཕ་མས་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་ནི་ཕ་མའི་འོས་འགན་རེད་བསམ་གྱི་ཡོད། འོན་ཀྱང་ཐེངས་ཤིག་པ་ཕས་ང་རང་མོ་ཊར་བཞག་སྟེ་སློབ་གྲྭར་སྐྱེལ་བའི་ལམ་བར་དུ་ངས་ཐོག་མར་ཨ་ཕའི་མགོ་སྟེང་དུ་སྐྲ་དཀར་མང་པོ་སྐྱེས་ཡོད་པ་མཐོང་། དེ་དུས་ངའི་སེམས་ནང་དུ་ཨ་ཕ་ནི་ས་སྨྱུག་དཀར་པོ་ཞིག་དང་འདྲ་བར་དཀའ་ཚེགས་ཀྱི་ལམ་བུའི་ཐོག་ནས་ཉིན་རེ་བཞིན་རྒུད་ནས་རྒུད་པའི་ཕྱོགས་སུ་བསྐྱོད་བཞིན་པ་ཚོར། གློ་བུར་དུ་སེམས་ནང་སྨྲ་མི་ཤེས་ཤིང་བཟོད་དཀའ་བའི་སྐྱོ་སྣང་ཞིག་སྐྱེས་བྱུང་ངོ་། །

དུས་དེ་ནས་བཟུང་ཨ་ཕའི་མགོ་སྟེང་གི་སྐྲ་དཀར་དང་ཨ་མའི་གདོང་ཐོག་གི་གཉེར་མར་དོ་ཁུར་བྱེད་པའི་སེམས་ཀྱི་རང་ཤུགས་སུ་ཆགས་ཤིང་། དེ་དག་མཐོང་ཐེངས་རེར་ང་ལ་སློབ་སྦྱོང་བྱེད་པའི་སེམས་ཤུགས་དང་སྙིང་སྟོབས་ཤིག་ལྡོག་མེད་དུ་སྐྱེ་ཡོང་གི་འདུག །བྱས་ཙང་གུས་རྩེ་གཅིག་གིས་སློབ་ལ་གཞོལ་ཏེ་ཕ་མ་གཉིས་ཀྱི་དྲིན་ལན་འཇལ་ཐུབ་པ་བྱེད་རྩིས་ཡོད། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ་༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明