西藏青年报藏文版གལ་ཆེའི་གསར་འགྱུར། “སྐབས་འཕྲལ་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱེད་དགོས། རིག་གནས་ཁྱམས་རིང་དུ་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་པ། ལྷ་སའི་ལྷོ་རི་བྱང་རིའི་གོང་དཀར་ཡུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

放大 缩小 默认

ལྷ་སའི་ལྷོ་རི་བྱང་རིའི་གོང་དཀར་ཡུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ལྷ་སའི་ལྷོ་རི་བྱང་རིའི་གོང་དཀར་ཡུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དོང་ཁུང་ཁྲི་44.6དྲུས་ནས་སྡོང་ཕྲུག་ཁྱོན་ཁྲི་1.7ལྷག་ཙམ་བཏབ་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ནགས་བཟོ་སྔོ་འགྱུར་བྱེད་རིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་འབྲོག་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པའི་སྒྲིག་འཛུགས་བྱས་ཏེ། ཞིང་པ་ལས་མིའི་དོ་དམ་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། མང་ཚོགས་ཀྱི་གླ་ཕོགས་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་འཛུགས་སྐྲུན་ལ་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་ལས་མི་མི་ཐེངས་ཁྲི་1.9ལྷག་ཙམ་ཟིན་པ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་385.44བྱུང་ཡོད།

བོད་ལྗོངས་ཉིན་རའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明