འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་ཁྱམས་རིང་ཡིན་པ།
རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ལ་མཐའ་འཁྱོངས་བརྩིས་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་གཞི་རྟེན་སྣ་ཚོགས་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་སློབ་མའི་སེམས་སུ་མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་བཞིན་ཡོད།