西藏青年报藏文版ཕྱོགས་བསྡུས། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་ གཅིག་མཐུན་འདུས་གྲུབ་ཞིབ་འཇུག་ཁང་བཙུགས་པ། ལྷ་སའི་སློབ་གྲྭ་འདིར་རྒྱལ་ཁབ་རིམ་པའི་སྒོ་བྱང་བཀལ་འདུག གངས་ཤུད་ལ་མཁས་པའི་གཡུ་སྒྲོན་ལྷ་མོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

放大 缩小 默认

བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་ གཅིག་མཐུན་འདུས་གྲུབ་ཞིབ་འཇུག་ཁང་བཙུགས་པ།

ཉེ་ཆར། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་རེད།

བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་ཅིན་ཡུང་པིང་གིས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས་རྩེ་གྲ་གཉིས་འཛུགས་གཏོད་དང་། པུའུ་དང་ཁུལ་མཉམ་སྐྲུན། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཀྱི་ཕུལ་བྱུང་རིག་ཚན་ཚོགས་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་དོན་སྙིང་མངོན་པར་བྱས་ཏེ་ཆུ་ཚད་མཐོ་བའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་སྟེགས(རྟེན་གཞི)ཁག་གཅིག་བཏོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཅིང་། མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་བྱེད་སྒོ་རབ་དང་རིམ་པ་སྐྱེད་སྲིང་བྱས་པ་མ་ཟད། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཞིབ་འཇུག་གི་དགེ་རྒན་དཔུང་ཁག་སྟོབས་ཆེར་བཏང་བས། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། ལག་ལེན་སློབ་གསོ། ཇུས་འདོན་ཚོགས་པའི་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明