西藏青年报藏文版ཕྱོགས་བསྡུས། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་ཆུས་བཅས་རིམ་གསུམ་རྩ་འཛུགས་སྡེ་ཚན་གྱིས་མཉམ་དུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ལོའི་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ས་ཚིགས་སུ་མཇུག་འགྲིལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་སྐད་གསང་མཐོན་པོས་ལེན།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1986ལོ།

★ ཟླ་3ཚེས་5ཉིན། ཏེང་ཞའོ་ཕིང་གིས་ཝང་ཏ་ཧེང་དང་། ཝང་ཀེན་ཁྲང་། དབྱང་ཅ་ཁྲེ། ཁྲེན་ཧྥང་ཡུན་བཅས་ཚན་རིག་མཁས་ཅན་བཞིས་བཏོན་པའི་ཕྱི་རྒྱལ་གྱི་ཆུ་ཚད་མཐོ་བའི་ལག་རྩལ་འཕེལ་རྒྱས་ལ་རྗེས་འདེད་ཞིབ་འཇུག་བྱ་རྒྱུའི་སྐོར་གྱི་གྲོས་འགོར་མཆན་བཀོད་མཛུབ་སྟོན་གནང་བ་རེད། ཟླ་11ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཆུ་ཚད་མཐོ་བའི་ལག་རྩལ་ཞིབ་འཇུག་འཕེལ་རྒྱས་འཆར་གཞིའི་རྩ་གནད》བརྒྱུད་སྤེལ་བྱས་པ་རེད། འཆར་གཞི་འདིར་ཏེང་ཞའོ་ཕིང་གིས་ཐོག་མར་མཆན་བཀོད་མཛུབ་སྟོན་གནང་བའི་དུས་ཚོད་1986ལོའི་ཟླ་3པ་ཡིན་པས“བརྒྱད་དྲུག་གསུམ་འཆར་གཞི”ཞེས་ཀྱང་འབོད་སྲོལ་ཡོད།

★ ཟླ་4ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་སྐོར་གྱི་བཅའ་ཁྲིམས》 བཅས་ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་7ཚེས་8ཉིན། ཀྲུང་གོའི་རྒྱལ་ནང་སྲུང་སྐར་འཕྲིན་གཏོང་དྲ་བ་དངོས་སུ་བསྐྲུན་པ་རེད།

★ ཟླ་8ཚེས་10ཉིན། བཅིངས་འགྲོལ་དམག་སྤྱི་ཁྱབ་ཚན་མོ་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་བཅས་ཀྱིས་བརྡ་ཐོ་བཏང་ནས་གྲ་སྒྲིག་དམག་ཞབས་དཔུང་སྡེ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཚུད་གོ་རིམ་ནང་དངོས་སུ་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད།

★ ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོ་གུང་ཁྲན་ཏང་གི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་བཟོ་ལས་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག》བཀྲམ་པ་རེད།

★ ཟླ་9ཚེས་28ཉིན། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་བྱེད་ཕྱོགས་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་12ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བྱས་པ་རེད།

★ ཟླ་12ཚེས་30ཉིན། ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གི་འགན་ཁུར་བློ་མཐུན་འགའ་ཞིག་དང་བཀའ་མོལ་གནང་སྐབས། དར་ཆ་གསལ་སྟོན་གྱིས་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱས་ཏེ་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས་པ་རེད། 1987ལོའི་ཟླ་1ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གིས《མིག་སྔར་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་ངོ་རྒོལ་བྱེད་པའི་གནད་དོན་འགའ་ཞིག་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明