西藏青年报藏文版ཕྱོགས་བསྡུས། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་ཆུས་བཅས་རིམ་གསུམ་རྩ་འཛུགས་སྡེ་ཚན་གྱིས་མཉམ་དུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ལོའི་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ས་ཚིགས་སུ་མཇུག་འགྲིལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་སྐད་གསང་མཐོན་པོས་ལེན།

放大 缩小 默认

རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་ཆུས་བཅས་རིམ་གསུམ་རྩ་འཛུགས་སྡེ་ཚན་གྱིས་མཉམ་དུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

ཟླ་4ཚེས་16ཉིན། ལྗོངས་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་སྟག་རྩེ་ཆུས་ཨུད་རྩ་འཛུགས་པུའུ་དང་མཉམ་དུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་ཏང་ཡོན་ལས་བྱེད་པ་200ཙམ་ཞུགས་ཡོད་པ་རེད།

ཆུ་ཚོད་2ལྷག་ཙམ་ལས་ཀ་བྱས་པ་བརྒྱུད། སྡོང་ཕྲུག་400ལྷག་ཙམ་གྲལ་སྟར་འགྲིག་པོས་བཏབ་ནས་རི་ལྡེབས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད་པ་རེད།

ཚང་མས་ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན་པས། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བཟུང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ནས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི”ཆབ་སྲིད་ཀྱི་ལས་འགན་གལ་ཆེན་འདི་རྒྱལ་ཁའི་ངང་ལེགས་སྒྲུབ་བྱ་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱུང་བའི་ངོས་འཛིན་བྱས་པ་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་བརྒྱུད། རྒྱ་ཆེའི་རྩ་འཛུགས་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

པ་ཚེས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明