西藏青年报藏文版ཕྱོགས་བསྡུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ། རང་ལྗོངས་ནོར་སྲིད་ཀྱིས་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ལས་དོན་གྲུབ་པ། བོད་ཀྱི་ལོ་ཆུང་གདོང་ལེན་རུག་ཁག་གི་སྐེ་དར་དམར་པོའི་འགྲེལ་བཤད་པས་གསར་རྗེའི་ལག་ལེན་སློབ་གསོའི་སློབ་སྦྱོང་བྱེད་སྒོ་སྤེལ་བ།

放大 缩小 默认

རང་ལྗོངས་ནོར་སྲིད་ཀྱིས་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ལས་དོན་གྲུབ་པ།

ཉེ་ཆར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་ནོར་སྲིད་འགན་ལེན་དང་དམངས་འཚོ་ལེགས་སུ་གཏོང་བའི་འབྲེལ་ཡོད་ལས་དོན་གྱི་ཕན་འབྲས་ངོ་སྤྲོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ནོར་སྲིད་དམངས་འཚོའི་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་དེ་ལོ་གོང་མ་ལས་45%འཕར་བ་དང་། ནོར་སྲིད་གཏོང་སྒོའི་བསྡུར་ཚད་80%ལས་བརྒལ་ནས་རིམ་རྩིས་བྱས་ན་དམངས་འཚོའི་ལས་དོན་རྣམ་གྲངས་106ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་645བཏང་བ་རེད། 2026ལོར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་136གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱས་ནས་དམངས་འཚོའི་དོན་དངོས་ཁག་34གཙོ་གནད་དུ་བཟུང་སྟེ་སྐུལ་འདེད་བཏང་བ་དེ་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་ལེན། རིག་གནས། སྣོད་བཅུད་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད།

སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2026ལོར་སློབ་གསོར་གཏོང་ཚད་སྒོར་དུང་ཕྱུར་321.21ཟིན་པ་དང་། སློབ་གསོའི“འགན་ལེན་གསུམ”དང་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ། འོས་འགན་སློབ་གསོའི་སློབ་གནས་མང་དུ་བཏང་ནས་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་བཏང་ཡོད། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་2026ལོར་མ་དངུལ་སྒོར་དུང་ཕྱུར་151བཀོད་སྒྲིག་བྱས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་དེ་རྒྱལ་ཡོངས་ཀྱི་མཐོ་ཤོས་སྒོར་125བར་མཐོ་རུ་བཏང་སྟེ་རིན་མེད་བརྟག་དཔྱད་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་མང་པོ་སྤེལ་ནས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱས་ཡོད།

ལས་ཞུགས་འབབ་འཕར་དང་སྤྱི་ཚོགས་འགན་ལེན་ཐོག2026ལོར་མ་དངུལ་སྒོར་དུང་ཕྱུར་38.25བཏང་ནས་ལས་ཞུགས་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི། ཞིང་འབྲོག་ལས་མི་སོགས་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ལ་རོགས་སྐྱོར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་196བཏང་ནས་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ། རྒན་གསོའི་དངུལ་སོགས་འགན་སྲུང་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་བ་དང་། དྲོད་ལེན་ཁ་གསབ་རོགས་དངུལ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་པ། ཉེན་ཡོད་ཁང་པ་དང་ཡོམ་འགོག་བསྒྱུར་བཀོད་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གེགས་མེད་བསྒྱུར་བཀོད་བཏང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམའ་མཐའི་འཚོ་བའི་ཁ་གསབ་མཚམས་ཐིག་བརྟན་སྲུང་ཐུབ་པ་རེད།

དུས་མཚུངས་རང་ལྗོངས་ཀྱིས་རིག་གནས་དམངས་ཕན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྲ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ས་མཐོའི་སྔོ་ལྗང་རི་ཆུ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མཐའ་མཚམས་དར་རྒྱས་བརྟན་པོ་གཏོང་བ། དམངས་འཚོ་དོ་དམ་ཡག་པོ་བྱེད་ཆེད་“སྲོག་སྐྱོབ་དངུལ། སེམས་གསོའི་དངུལ།” ནོར་སྲིད་སྡེ་ཚན་གྱིས་ལམ་ལུགས་དམ་པོར་བཟུང་བ་དང་མ་དངུལ་ཐད་གཏོང་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྡེ་ཚན་མང་པོའི་ལྟ་སྐུལ་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས་མ་དངུལ་“ཕན་མེད་དུ་འགྲོ་བར་”སྔོན་འགོག་ནན་པོ་བྱས་ནས། དམངས་ཕན་མ་དངུལ་མང་ཚོགས་ཀྱི་ལག་ཏུ་འབྱོར་རྒྱུའི་འགན་ལེན་བྱས་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明