西藏青年报藏文版ཕྱོགས་བསྡུས། ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ་བཟའ་བཅའི་བདེ་འཇགས་ཀྱི་འཐེན་བཤེར་བྱེད་སྒོ་སྤེལ་བ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་སྒྲུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་དགུན་དུས་གྲང་འགོག་དངོས་རྫས་སྤྲོད་པ་དང་དྲོད་ལེན་བདེ་འཇགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་བློ་རྒྱ་ཆེན་པོ་དང་། ཁུར་ལེན་་ཆེན་པོ། བྱས་རྗེས་ཆེན་པོ་བཅས་ལ་བརྟེན་ནས“དོན་ཆེ

放大 缩小 默认

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་སྒྲུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་དགུན་དུས་གྲང་འགོག་དངོས་རྫས་སྤྲོད་པ་དང་དྲོད་ལེན་བདེ་འཇགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

དགུན་དུས་དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་དགུན་སྒྲོལ་དཀའ་གནད་ཐག་གཅོད་ཏན་ཏིག་བྱེད་པ། བདེ་འཇགས་འགོག་སྲུང་སྲུང་ཡོལ་བརྟན་པོ་སྐྲུན་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་ཁག་བཅོ་ལྔ་པའི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་སྒྲུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས(གཤམ་དུ་བསྡུས་མིང་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཞེས་བསྡུ་རྒྱུ)གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་ཐོག་དགུན་དུས་གྲང་འགོག་དངོས་རྫས་གཅིག་སྡུད་ཐོག་སྤྲོད་པ་དང་དྲོད་ལེན་བདེ་འཇགས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

ད་ཐེངས་ཀྱི་དྲོད་དགུན་རོགས་སྐྱོར་བྱ་སྤྱོད་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྱི་ཚོགས་ཀྱི་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་སྒོར་ཁྲི་4.5ལྷག་ཙམ་རི་བའི་གྲང་འགོག་དངོས་ཟོག་གྲབས་གསོག་བྱས་པའི་ནང་རྡོ་སོལ་ཏུན་20དང་། རྡོ་སོལ་ཐབ་ཀ་ 14 དགུན་དུས་གྱོན་ཆས་ཆ་ཚང་77བཅས་ཚུད་ཡོད་པས་མང་ཚོགས་ཀྱི་དགུན་དུས་དྲོད་ལེན་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དགུན་དུས་རྡོ་སོལ་དྲོད་ལེན་གྱི་ལས་འཛོལ་ཐོན་མང་བ་དང་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ཉེན་ཁ་མངོན་གསལ་དོད་པའི་དུས་ཚིགས་ཀྱི་ཁྱད་ཆོས་བཅས་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ཆེད་དོན་བདེ་འཇགས་སྒྲོག་འགྲེལ་བྱས་པ་དང་། གྲོང་གསེབ་ཀྱི་རྡོ་སོལ་དྲོད་ལེན་གྱི་གཙོ་གནད་ཉེན་ཁར་དམིགས་ཏེ་ཚད་ལྡན་གྱི་རྡོ་སོལ་ཐབ་ཀ་སྤྱོད་པ་དང་ཁྱིམ་ནང་མཁའ་རླུང་བརྗེ་གྱུར། དུ་ཁུང་གི་དུད་ལམ་གཙང་བཤེར། རྡོ་སོལ་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་སོགས་བདེ་འཇགས་ཀྱི་ཤེས་བྱ་ཞིབ་ཚགས་ཀྱི་འགྲེལ་བཤད་བྱས་པ་དང་། ཆབས་ཅིག་གྲོང་མི་ཚོར《དགུན་དུས་རྡོ་སོལ་སྤྱོད་པའི་བདེ་འཇགས་ཐད་ངེས་པར་དུ་ཤེས་དགོས》ཞེས་པའི་དེབ་ཆུང་སྤྲད་དེ་བདེ་འཇགས་ཀྱི་ཤེས་བྱ་སེམས་ལ་ངེས་ནས་དོན་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ཏེ་བདེ་འཇགས་ཀྱི་དྲན་སྐུལ་སྔོན་ལ་འཇོག་པ་དང་། ཉེན་ཁ་སྔོན་འགོག འགན་འཁྲི་དོན་འཁྱོལ་སྔོན་ལ་འཇོག་པ་བཅས་བྱས་ཏེ་དགུན་དུས་མེ་སྤྱོད་དང་རྡོ་སོལ་སྤྱོད་པ། སོལ་རླངས་སྤྱོད་པའི་བདེ་འཇགས་ལས་འཛོལ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

ད་ཐེངས་ཀྱི་བྱེད་སྒོ་དེས་མང་ཚོགས་ཀྱི་དགུན་དུས་གྲང་འགོག་དྲོད་སྲུང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་པ་མ་ཟད། གྲོང་གསེབ་ཀྱི་དགུན་དུས་དྲོད་ལེན་བདེ་འཇགས་ཀྱི་རྨང་གཞི་ཡང་བརྟན་དུ་བཏང་ཡོད། གོམ་སྟབས་རྗེས་མར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་དགུན་དུས་བདེ་འཇགས་དུད་ཚང་དུ་སྐྱོད་པའི་དྲིལ་བསྒྲགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར། སེམས་དྲོད་རོགས་སྐྱོར་བཅས་ཀྱི་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་དགུན་སྐྱེལ་སྲུང་སྐྱོང་བྱས་ཏེ་མང་ཚོགས་ལ་བདེ་འཇགས་ཚོར་སྣང་དང་། བདེ་སྐྱིད་ཚོར་སྣང་། ཐོབ་པའི་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་འདེགས་གཏོང་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明