ལྷིང་འཇགས་དང་འཕེལ་རྒྱས་མེད་པའི་ཡར་ཀླུང་དེར་འཕོ་འགྱུར་དང་སྔོ་ལྗང་ལྡན་པའི་ས་གཞིར་བསྐྲུན་མཁན་དང་། ཡར་ཀླུང་རིག་པའི་གཏེར་མཛོད་ངོ་མར་འགྱུར་དུ་འཇུག་མཁན་ནི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལས་མ་འདས། འཁར་བ་བྲང་ཁར་སྦྱོར་མཁན་སྤོ་བོས་གསུངས་དོན།“གཞོན་གསར་ཁྱེད་ཚོའི་ལས་དབང་བཟང་། གཞོན་གསར་ཁྱེད་ཚོའི་འཚོ་བ་སྐྱིད། ང་ཚོའི་བྱིས་དུས་དྲན་གསོ་མེད། ཡོད་པ་ཁྲལ་འུལ་ཁོ་ན་ཉིད། མགོ་བོའི་སྐྲར་ཡང་བདག་དབང་མེད“ གསུང་གིན་གསུང་གིན་ངུ་ཤུམ་འཆོར། མི་ལོ་དོན་ལྔའི་སྔོན་དུ་འཐོར་རླུང་གི་བསྟན་དགྲ་དེ་ཚར་བཅད་རྗེས་ཐལ་རྡུལ་གྱི་གནམ་ས་ཁེབས་པའི་ཤེལ་བྲག་གི་སྤོ་ནས་རྟ་བདུན་དབང་པོས་བཅིངས་འགྲོལ་གྱི་འཛུམ་ཞལ་མེར་ལེར་ང་ཚོར་ཕྱོགས་ནས་ཡོང་། མི་ལོ་དུ་མའི་རིང་ལ་འཐོར་རླུང་གི་ཁྲོད་དུ་འགྱིང་ངེར་གནས་པའི་ཡུལ་ལྷོ་ཁའི་སྲིད་འབྱོར་གྱི་དབྱར་མཚོ་དེ་མུར་རྒྱས། ཆུ་བོ་ཡར་ཀླུང་གཙང་པོའི་རླབས་རྒྱུན་གྱིས་ཁྱེད་ཀྱི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད། འཕོ་འགྱུར་གྱི་བསིལ་རླུང་འཇམ་པོས་མཐའ་སྲུང་གི་བུ་ཕྲུག་ལ་འོ་བྱིལ་གནང་ཡོད། འཛུགས་སྐྲུན་གྱི་དཔུང་སྡེ་ཆེན་པོས་སྐྱེ་ཁམས་ཀྱི་བཞིན་རས་ལ་སྲོག་ལྟར་གཅེས་ཡོད། འབྱོར་ཕྱུག་གི་སྐོར་བྲོ་རྩེད་ཐང་གི་གཞུང་དུ་འཁྲབ་དུས། ཨ་ཕྱི་དང་ཨ་མེས་ཀྱི་ཞལ་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། འཛུམ་མདངས་དེ་ནི་ཁ་ཞེ་གཉིས་མེད་རེད། གཞོན་ནུ་ཕོ་མོས་མཉམ་དུ་རྐང་འཁྲབ་ལག་འཁྲབ་བྱེད་བཞིན་འདུག དེ་ནི་གུ་ཡངས་ཀྱི་ཞབས་བྲོ་རེད། ན་ཆུང་བྱིས་པ་རྣམས་ཀྱང་བག་ཕེབས་ཀྱིས་རྩེད་འཇོར་རོལ་བཞིན་པ་དེ་ནི་དགའ་སྤྲོའི་མཚན་མ་ཡང་ཡིན། དུས་རབས་གསར་པའི་ལམ་བཞུད་ཀྱི་འགྲུལ་པའི་ཚོགས་ལ་སློབ་གསོའི་བྱ་བཞག་གི་རྒྱགས་ཕྱེ་བསྐུར་བ་དང་མཚུངས་ཤིང་། ང་ཚོའི་མིག་ཟུང་ལ་རེ་བའི་འོད་མདངས་སླེབས་བྱུང་།
མདོར་ན། ས་གཞི་འདིར་འཕོ་འགྱུར་གྱི་གཏམ་བཟང་དང་བདེ་སྐྱིད་ཀྱི་འཚོ་བ་སྤྲོད་མཁན་ནི་གཞན་གང་ཡང་མ་ཡིན་ཏེ། མ་ཡུམ་ལྟ་བུའི་རླབས་ཆེན་གྱི་མེས་རྒྱལ་ཀྲུང་གོ་གུང་ཁྲན་ཏང་ཉིད་ལགས། ཉིད་ཀྱི་སྣང་སྦྱིན་ལས་པད་ཁའི་མེ་ཏོག་འདི་ཉིད་གངས་ལྗོངས་ས་མཐོར་སྔར་བས་སེར་མདངས་རྒྱས་ངེས་ཡིན་ལ་ང་ཚོའི་སང་ཉིན་ཡང་དེ་བས་འོད་སྟོང་ལྡན་པ་ཆགས་ངེས་ལགས། །
ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་སློབ་འབྲིང་ལོ་རིམ༩(༡)
ཟུར་ཁྲིད་དགེ་རྒན། ད་འཛོམས།


