西藏青年报藏文版གལ་ཆེའི་གསར་འགྱུར། ས་ཡོམ་བརྒྱབ་རྗེས་ཀྱི་མཚན་མོ་དང་པོར་སྦྲ་ཆེན་ཡོམ་ཁུལ་དུ་རླངས་འཁོར་གྱི་གློག་སྒྲོན་ཁྲ་ལྷམ་མེར་འཕྲོ་བ། བོད་ལྗོངས་སྦྲ་ཆེན་གྱི་བཀོད་སྒྲིག་བྱ་ཡུལ་གྱི་སྒྲིག་ཁང་དུ་གློག་སྐུད་ཁྲིད་པ། གཞིས་རྩེ་གྲོང་ཁྱེར་གྱི་གུང་གཞོན་སྡེ་ཚོགས་ཁག་གིས་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྤེལ་བ།

放大 缩小 默认

གཞིས་རྩེ་གྲོང་ཁྱེར་གྱི་གུང་གཞོན་སྡེ་ཚོགས་ཁག་གིས་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྤེལ་བ།

སྤྱི་ལོ་2026ལོའི་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཡག་པོ་སྤེལ་ཆེད། ཟླ་བཅུ་པའི་ཟླ་དཀྱིལ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་རྫོང་ཁག་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་ཀྱིས་དྲིལ་བསྒྲགས་བརྗོད་དོན་གཙོ་བོར་དམིགས་ཏེ། སློབ་གྲྭ་དང་སྡེ་ཁུལ་མཉམ་འབྲེལ་ཐོག་འབྲུ་རིགས་བདེ་འཇགས་སྐོར་གྱི་ལག་ལེན་བྱེད་སྒོའི་ཚོགས་འདུ་ཐེངས་ཉི་ཤུ་ལྷག་ཙམ་འཚོགས་ནས། མི་རིགས་སོ་སོའི་ན་གཞོན་དང་ཞིང་འབྲོག་མང་ཚོགས་ཚོར་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱ་རྒྱུའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་2026ལོའི་འཛམ་གླིང་འབྲུ་རིགས་ཉིན་མོར་“གསར་གཏོད་ནས་འགོ་ཚུགས་དང་མ་འོངས་པར་འབྲུ་རིགས་ལ་བདེ་འཇགས་བྱེད་”ཅེས་པ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི“འབྲུ་ཡི་རིགས་ཡོངས་བདེ་འཇགས་ཡོང་བའི་ལག་བསྟར་བྱ་སྤྱོད་སྤེལ་ནས་འབྲུ་རིགས་ལ་གྲོན་ཆུང་བྱེད་པ་དང་གནོད་སྐྱོན་ཉུང་དུ་བཏང་ནས་འཚོ་བཅུད་དང་བདེ་ཐང་ལ་སྐུལ་འདེད་གཏོང་བ་”ཞེས་པའི་བརྗོད་དོན་གཙོ་བོ་དམ་པོར་བཟུང་སྟེ། ཕྱོགས་གཅིག་ནས་གཞོན་ནུ་ལོ་ཆུང་ཚོའི་གྲོན་ཆུང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཕྱོགས་གཞན་ཞིག་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རིག་ལྟར་འབྲུ་རིགས་གསོག་འཇོག་བྱེད་པ་དང་གྱོང་གུན་ཉུང་དུ་གཏོང་བ་དང་། ཡོང་འབབ་འཕར་སྣོན་བྱེད་པའི་ཤེས་བྱ་ཁྱབ་གདལ་བཏང་ནས་ད་ཐེངས་སློབ་གྲྭ་དང་ལས་ཁུངས། སྡེ་ཁུལ་བཅས་ཀྱི་འབྲོག་ཁུལ་གྱི་ན་གཞོན་མི་གྲངས་3000ལྷག་ལ་ཁྱབ་པར་བྱས་ཡོད།

བྱེད་སྒོའི་ནང་ན་གཞོན་དང་བླངས་ཞབས་ཞུ་རུ་ཁག་གིས་ཞིང་འབྲོག་ཁུལ་གྱི་འཐབ་ས་མདུན་མར་བསྐྱོད་དེ་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་ཀྱི་མཐའ་མའི་འགག་གནད་སྒྲོལ་ཐུབ་པ་བྱུང་ཡོད། རིན་སྤུངས་རྫོང་གི་གཞོན་ནུ་དང་བླངས་པས་སྟོན་བསྡུའི་ཞིང་ཁར་བསྐྱོད་དེ་དཀའ་ངལ་ཡོད་པའི་ཞིང་འབྲོག་དུད་ཚང་ལ་བརྔ་བསྡུ་དབོར་འདྲེན་བྱེད་རོགས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ་རེད། གཏིང་སྐྱེས་རྫོང་གི་དང་བླངས་པ་ཚོས་སྡེ་ཁུལ་དུ་སྦྱར་ཡིག་སྦྱར་བ་དང་དྲིལ་བསྒྲགས་ཡིག་ཆ་སྤྲད་ནས་ཚན་རྩལ་ཁྱབ་སྤེལ་བྱེད་སྒོ་སྤེལ་བ་རེད། ས་དགའ་རྫོང་གིས་འབྲོག་ཁུལ་གྱི་ཁྱད་ཆོས་དང་བསྟུན་ནས་འབྲོག་གནས་སུ་ཚོགས་འདུ་འཚོགས་པ་དང་གུར་ནང་དུ་བསྡད་དེ་རྩྭ་ཕྱུགས་དོ་སྙོམས་དང་གཟན་རྩྭའི་གསོག་འཇོག་གི་ཤེས་བྱ་ཁག་ལ་འགྲེལ་བཤད་བྱས་པ་མ་ཟད། ཚོང་ཁང་ཆེ་གྲས་ཀྱི་འབྲུ་རིགས་དང་སྣུམ་རིགས་ལ་ཞིབ་བཤེར་བྱས་ཏེ་ཚོང་པ་རྣམས་ལ་འབྲུ་སྣུམ་ངོས་འཛིན་བྱེད་པའི་རྒྱུན་ཤེས་ཁྱབ་གདལ་བཏང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་། འགྲེམས་པང་བཤམས་པ། ལག་དེབ་སྤྲོད་པ། ས་གནས་ས་ཐོག་ཏུ་དྲི་བ་དྲིས་ལན་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འབྲུ་རིགས་བདེ་འཇགས་སྐོར་གྱི་ཁྲིམས་སྲོལ་དང་འབྲུ་རིགས་གྲོན་ཆུང་བྱེད་སྟངས་ཁྱབ་གདལ་བཏང་ཡོད།

དེ་མིན། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་དྲིལ་བསྒྲགས་བྱེད་སྒོ་འདིའི་གཡུལ་ས་གཙོ་བོ་ཡིན་པས། པ་སྣམ་རྫོང་སློབ་འབྲིང་དང་། ས་དགའ་རྫོང་སྟེང་དཀར་ཤང་ཆ་ཚང་སློབ་ཆུང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་བརྒྱུད་དེ་འབྲུ་རིགས་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་འབྲུ་གཅེས་གྲོན་ཆུང་གི་འབོད་སྐུལ་བྱས་པ་རེད། རྒྱང་རྩེ་རྫོང་མཐོ་རིམ་སློབ་འབྲིང་དུ་སྡེར་གཙང་བྱ་སྤྱོད་དེ་སློབ་གྲྭ་ཡོངས་ཀྱི་དཔྱད་ཞིབ་ནང་བཅུག་ནས་ཟ་ཁང་གི་ཟས་རིགས་འཕྲོ་བརླག་འགོག་ཐབས་དང་ལྷ་རྩེ་རྫོང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭས་ཟས་སྤྱོད་གནས་ཚུལ་དངོས་ལ་གཞིགས་ནས་ས་ཡུལ་དངོས་ཀྱི་སློབ་ཁྲིད་ནང་སྤེལ་རྒྱུ་ཡིན་པ་རེད།

གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། གོམ་སྟབས་རྗེས་མར་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁག་གིས་འབྲུ་རིགས་བདེ་འཇགས་སློབ་གསོ་གཞོན་ནུ་ལོ་ཆུང་གི་རྒྱུན་གཏན་གྱི་གོམས་གཤིས་ནང་ཁྲིད་སྟོན་བྱས་ཏེ། དྲིལ་བསྒྲགས་བྱེད་ཐབས་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་གྲྭ་དང་ཁྱིམ་ཚང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་དང་ཞབས་ཞུ་སྒྲིག་འཛུགས་བྱས་ཏེ་སྡེ་ཚོགས་གཞོན་ནུ་ཚོས་གཞོན་ནུའི་འགན་འཁྲི་འཁུར་སེམས་ལ་ཁྲིད་སྟོན་བྱས་ནས་མཐོ་སྒང་གི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明