西藏青年报藏文版ཕྱོགས་བསྡུས། བོད་ཀྱི་སྲོལ་རྒྱུན་ཞིང་ལས་མ་ལག་སྣ་གཉིས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་ནང་བདམས་པ། བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལུང་སྐོར་བའི་འདུ་འཛོམས་ཤིག ཐབས་བརྒྱ་ཇུས་སྟོང་གིས་བརྟན་ལྷིང་ལ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས། མེས་རྒྱལ་གྱི་ས་བབ་མཐོ་ཤོས་སུ་བཞད་པའི“སྐལ་བཟང་མེ་ཏོག”

放大 缩小 默认

བོད་ཀྱི་སྲོལ་རྒྱུན་ཞིང་ལས་མ་ལག་སྣ་གཉིས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་ནང་བདམས་པ།

ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་མིང་ཐོ་ཁག་བརྒྱད་པ་དངོས་སུ་ཁྱབ་བསྒྲགས་བྱས་པར་བོད་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་བོད་ཀྱི་གྲོ་མོ་ཕག་རི་འབྲི་གཡག་གསོ་སྤེལ་མ་ལག་དང་བོད་ལྗོངས་སྣང་རྫོང་གནའ་བོའི་སྟར་སྡོང་ནགས་ཚལ་གྱི་སྲོལ་རྒྱུན་ཞིང་ལས་རིག་གནས་མ་ལག་གཉིས་བདེ་བླག་ངང་བདམས་ཡོད་པ་རེད། ད་བར་བོད་ལྗོངས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ནང་བདམས་པའི་བསྡོམས་འབོར་ཁག་6ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཁག་བརྒྱད་པའི་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་རྒྱལ་ཡོངས་སུ་ཁྱོན་རྣམ་གྲངས་88གཏན་འཁེལ་བྱས་པའི་ནང་ཁྱད་ལྡན་འདེབས་འཛུགས་དང་། སྣོད་བཅུད་གསོ་སྤེལ། ཞིང་ནགས་མཉམ་འདུས་སོགས་རྣམ་པ་སྣ་ཚོགས་ཚུད་ཡོད། ད་ཐེངས་བདམས་པའི་བོད་ཀྱི་ཤུལ་བཞག་ས་ཁོངས་གཉིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་གསོན་པའི་རྒྱུན་འཛིན་རིན་ཐང་མངོན་གསལ་དོད་པོ་བྱུང་ཡོད། དེའི་ནང་གྲོ་མོ་ཕག་རི་ནོར་གཡག་གསོ་སྤེལ་མ་ལག་དེ་ས་བབ་མཐོ་ཞིང་གྲང་ངར་ས་ཁུལ་དུ་གནས་པ་དང་སྲོལ་རྒྱུན་གྱི་ཕྱུགས་འཚོ་ལག་རྩལ་དང་རྩྭ་ར་རེས་སྐོར་གྱིས་འཚོ་བའི་དོ་དམ་སྲུང་སྐྱོབ་ཀྱིས་འདུ་ཤེས་རྒྱུན་འཛིན་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་གཉིས་ཀར་ལྟ་རྟོག་ཐུབ་པ་བྱ་རྒྱུ་དེ་ཡིན། གྲང་ངར་འབྲོག་ཁུལ་དུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་སྣང་རྫོང་གི་གནའ་བོའི་སྟར་ཀའི་ནགས་ཚལ་ནི་བོད་ལྗོངས་ཀྱི་ཤར་ལྷོའི་ཤིང་འབྲས་རྩ་ཆེའི་ཞིང་ལས་ཤུལ་བཞག་ཅིག་ཡིན་ཞིང་། ནགས་ཤིང་འདེབས་གསོ་དང་དོ་དམ་སྲུང་སྐྱོབ། འཐུ་བའི་སྲོལ་རྒྱུན་ལག་རྩལ་སོར་འཇོག་བྱས་ནས་ཤིང་འབྲས་འདེབས་འཛུགས་དང་ས་ཆུ་གསོ་འཁྱོངས་མཉམ་སྤེལ་གྱི་ཞིང་ནགས་མཉམ་འདུས་མ་ལག་བསྐྲུན་ཡོད། དེ་ནི་ས་མཐོའི་ཤིང་འབྲས་སོན་རྒྱུའི་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་ལ་ས་གནས་ཀྱི་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན།

དེ་སྔོན་བོད་ལྗོངས་སྣེ་གདོང་གིས་འདེབས་འཛུགས་མ་ལག་དང་། བོད་ལྗོངས་འདམ་གཞུང་གི་གྲང་ངར་སྐྱས་སྤོས་འབྲོག་པའི་རིག་གནས་མ་ལག བོད་ལྗོངས་ཀོང་པོ་རྒྱ་མདའི་བོད་ཕག་གསོ་སྤེལ་མ་ལག བོད་ལྗོངས་སྨར་ཁམས་རྒུན་འབྲུམ་འདེབས་གསོའི་མ་ལག་བཅས་རྣམ་གྲངས་4ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ནང་བདམས་ཡོད་པ་རེད། ཤུལ་བཞག་ཁག་6ནི་མཐོ་སྒང་གྲང་ངར་ཆེ་བའི་སྐྱས་སྤོས་འབྲོག་ཁུལ། ནས་འདེབས་པ། ས་མཐོའི་ཕྱུགས་ཟོག། རི་ཁུལ་གྱི་ཤིང་འབྲས་སོགས་ལས་རིགས་སྣ་ཚོགས་ལ་ཁྱབ་ཡོད་པ་རེད།

བོད་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་བོད་ལྗོངས་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“སྲུང་སྐྱོབ་སྔོན་ལ་བྱེད་པ་དང་། ལུགས་མཐུན་བེད་སྤྱོད། གསོན་པའི་རྒྱུན་འཛིན”བཅས་ཀྱི་རྩ་དོན་བརྟན་སྲུང་བྱས་ཏེ་ཞིང་ལས་རིག་གནས་ཤུལ་བཞག་ཁག་6སྲུང་སྐྱོབ་རྒྱུན་འཛིན་དང་། དྲིལ་བསྒྲགས་འགྲེམས་སྟོན། གསར་སྤེལ་བེད་སྤྱོད་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཤུལ་བཞག་སྲུང་སྐྱོབ་དང་གྲོང་གསེབ་དར་རྒྱས། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏིང་ཟབ་ཀྱི་ཟུང་འབྲེལ་བྱེད་བཞིན་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明