西藏青年报藏文版གལ་ཆེའི་གསར་འགྱུར། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། རིག་གནས་གར་སྟེགས་ཆེན་མོ་རུ། དཔལ་འབྱོར་ཚོང་དོན་འཁྲུག་ཆ་དོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་འཛུགས་མཛད་སྒོ་དང་བོད་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་འཛུགས་བྱས་པའི་གྲུབ་འབྲས་སྙན་སེང་ཚོགས་འདུ་ལྷ་སར་འཚོགས་པ།

放大 缩小 默认

མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་འཛུགས་མཛད་སྒོ་དང་བོད་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་འཛུགས་བྱས་པའི་གྲུབ་འབྲས་སྙན་སེང་ཚོགས་འདུ་ལྷ་སར་འཚོགས་པ།

ཉེ་ཆར། བོད་རང་སྐྱོང་ལྗོངས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོ་རྟེན་གཞིས་འགན་སྒྲུབ་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་བོད་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་གྲུབ་འབྲས་སྙན་སེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

འགོ་འཛུགས་མཛད་སྒོ་དེ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མཚོན་པའི་འཁྲབ་ཚན་《དཔུང་རྟགས་དམར་པོའི་སེམས་པ་གཅིག་གིས་གཏོད་པ》ཞེས་པ་ནས་འགོ་ཚུགས་བྱས་པ་རེད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་བཟོ་སྐྲུན་སྡེ་ཁག་དང་གངས་ལྷ་མེ་ཏོག་བྱིས་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཆུང་ཆུང་ཚོས་སྙིང་སྟོབས་རབ་ཏུ་རྒྱས་ཤིང་སྤྲོ་སེམས་ཀྱིས་ཁེངས་ནས། གླུ་དབྱངས་དང་ཞབས་བྲོར་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་ལ་བློ་ཁ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་པས་ས་ཡུལ་དངོས་སུ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཞུས་པ་རེད།

བྱེད་སྒོར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་གཞོན་ནུ་ལོ་ཆུང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། ཡུལ་དངོས་སུ་འགྲན་བསྡུར་ཁྲོད་ནས་འབུར་དུ་ཐོན་ཏེ་བྱ་དགའ་ཐོབ་མཁན་མི་12ལ་“གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་དྲིལ་བསྒྲགས་པ་”ཞེས་པའི་གདན་ཞུའི་ཡི་གེ་སྤྲད་པ་དང་། ཆབས་གཅིག་བྱ་དགའ་ཐོབ་པའི་ན་གཞོན་འཐུས་མི་དྲུག་གིས་ཁྲིམས་ལུགས་ཁྱབ་གདལ་གྱི་གཏམ་བཤད་སྤེལ་ཏེ། ལང་ཚོའི་ལྟ་ཚུལ་ཐོག་ནས་བཅའ་ཁྲིམས་ཀྱི་དོན་ཚན་འགྲེལ་བཤད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་བསྟན་འཛིན་དབང་མོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་དང་ལམ་ལུགས་ཀྱི་འགན་ལེན་སྔར་བས་གསལ་པོ་ཞིག་མཁོ་འདོན་བྱས་པས། ང་ཚོས་ཁྲིམས་ལྟར་མི་རིགས་ལས་དོན་སྒྲུབ་པ་དང་མི་རིགས་བྱ་བར་ཐག་གཅོད་བྱེད་སྐབས་གདེང་ཚོད་དེ་བས་ཆེ་བ་དང་བྱེད་ཐབས་ཀྱང་སྔར་ལས་མང་བ་བྱུང་ཡོད་ཅེས་བཤད།

ནུབ་རྒྱུད་འཆར་གཞི་དང་བླངས་པ་ཚུའེ་ཡུང་ཁང་གིས། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་གི་ངོས་ནས་ཐེངས་འདིའི་བྱེད་སྒོའི་མྱོང་ཚོར་དེ་ལས་འགན་སྒྲུབ་སེམས་སུ་བསྒྱུར་བར་བྱས་ཏེ། གཞི་རིམ་ལས་གནས་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་བྱེད་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་“ཁྲིམས་སྐྱོང་གིས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ་གངས་ལྗོངས་སུ་སེམས་མཐུན་གྱི་ལེའུ་གསར་པ་འབྲི་བ་”ཞེས་པ་བརྗོད་དོན་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བརྗོད་དོན་ལ་དམིགས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དེ་ཡིན།

གོམ་སྟབས་རྗེས་མར་རང་ལྗོངས་སུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། རིག་གནས་འཁྲབ་སྟོན། བརྗོད་དོན་གཙོ་བོའི་གཏམ་བཤད། དཔེ་སྟོན་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་སྒྲིག་འཛུགས་བྱས་ཏེ་རྒྱུན་ཆད་མེད་པར་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་དང་། བྱེད་སྒོ་སྤེལ་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་གསོའི་ནང་དོན་གཏིང་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་རྣམ་པ་ལྡན་པ་དང་ཚོར་བ་ཡོད་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་ཀྱིས་གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྟག་ཏུ་བཞད་ཅིང་རྒྱས་པར་བྱེད་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明