西藏青年报藏文版ཕྱོགས་བསྡུས། རི་སྒོག་ཕྲ་མོའི་ཐོན་ཁུངས་ཀྱིས། སྐྱེ་ཁམས་དམངས་ཕྱུག་ལམ་སྣེ་འདྲེན། མང་ཚོགས་དང་འབྲེལ་བའི་དཀའ་གནད་ཆེ་བའི་དམངས་འཚོའི་རྩོད་གཞི་ཁག་གཅིག་ཐག་གཅོད་ཡག་པོ་བྱས་པ། 2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་ལྷ་སའི་བྱེད་སྒོ་སྤེལ་འགོ་ཚུགས་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་མཛེས།

放大 缩小 默认

2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་ལྷ་སའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཟླ་9ཚེས་23ཉིན“ལོ་ལེགས་ཀྱི་རྣམ་པ་གསར་པ་གཏོད། དངོས་སྒྲུབ་དར་རྒྱས་ཡོང་བར་སྐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་ལྷ་སའི་བྱེད་སྒོ་གཙོ་བོ་སྟག་རྩེ་ཆུས་འབྲོམ་ཐོད་ཤང་དུ་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དང་། གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས། ས་མཐོའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་གཅིག་སྡུད་ཐོག་མངོན་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ། གསེར་མདོག་གི་ལོ་ལེགས་གཞི་རྒྱུ་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད། ཚོགས་རར་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཁུལ་དང་། ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་འགྲེམས་ཚོང་ཁུལ། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁུལ། དེང་རབས་ཞིང་འཕྲུལ་ཡོ་བྱད་འགྲེམས་སྟོན་ཁུལ་སོགས་ནུས་པའི་ཁུལ་བཙུགས་ཡོད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཞིང་འབྲེལ་ཁེ་ལས་ཀྱིས་ས་མཐོའི་སྤུས་ལེགས་དངོས་ཟོག་དང་། ནས་ཀྱི་ཐོན་རྫས། ཚགས་ཤ། དཀར་ཆུའི་ཐོན་རྫས། བོད་སྒོང་། ས་མཐོའི་སྔོ་ཚལ། མི་རིགས་ཀྱི་ལག་ཤེས་ཐོན་རྫས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས། གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། འགྲེམས་ཞུགས་ཞིང་དུད་ཀྱིས་སྤྲོ་སེམས་འཁོལ་པོས་རང་ཁྱིམ་གྱི་ཐོན་རྫས་འོས་སྦྱོར་བྱེད་བཞིན་ཡོད་ལ། ཁོང་ཚོའི་ངོ་གདོང་ལས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

པད་ཆོས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明