西藏青年报藏文版ཕྱོགས་བསྡུས། ཁྲིམས་འཛིན་སྲིད་དོན་སྒྲུབ་ནུས་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ། འཛེར་སྒྲས་དམངས་ལ་སུན་པོ་བཟོ་བའི་ཐད“ཚད་གཞི་ལོན་པར་འགན་འཁྲི་མེད་པ་མིན་པའི”སྐོར་གླེང་བ། དྲ་མིག་པ་ཆུང་ཆུང་གིས་ཁྱིམ་གཞིས་སྲུང་བ། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཕྲལ་སྡོམ་ཆེད་དོན་གསོ་སྦྱོང་སྦྱོང་བརྡར་བྱས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

放大 缩小 默认

གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཕྲལ་སྡོམ་ཆེད་དོན་གསོ་སྦྱོང་སྦྱོང་བརྡར་བྱས་པ།

གཞོན་ནུ་དང་བླངས་པའི་གནོད་འགོག་ཉེན་གཡོལ་དང་འཕྲལ་སྡོམ་ཐག་གཅོད་རྩལ་ནུས་ཡར་འདེགས་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེའི་གྲ་སྒྲིག་གི་ལས་དོན་ཁག་དེ་བས་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། ཉེ་ཆར་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་གྲོང་ཁྱེར་ཐད་གཏོགས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་དང་བླངས་ཞབས་ཞུའི་འཕྲལ་སྡོམ་ལས་དོན་རུ་ཁག་བཙུགས་ནས་མེ་ཟོན་བདེ་འཇགས་དང་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ཆེད་དོན་སྦྱོང་བརྡར་བྱས་པ་རེད།

གསོ་སྦྱོང་བྱ་ཡུལ་དུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པའི་འཆད་ཁྲིད་དགེ་རྒན་གྱིས་གནོད་འཚེའི་ཉེན་གཡོལ་དང་། རམ་འདེགས་རོགས་སྐྱོབ། རྨས་སྐྱོན་ཐག་གཅོད་སོགས་ཀྱི་ནང་དོན་ལ་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་གྱོད་དཔེ་དབྱེ་ཞིབ། ས་གནས་ས་ཐོག་ཏུ་དངོས་སྦྱོང་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ནས་རྨང་གཞིའི་བཀོལ་སྤྱོད་ཀྱི་གཙོ་གནད་སློབ་ཁྲིད་བྱས་ནས་དང་བླངས་པའི་འཕྲལ་སྡོམ་མྱུར་སྐྱོབ་གྱིས་རྩལ་ནུས་མཐོར་འདེགས་ཡོང་བ་བྱས་ཡོད།

གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་གཞོན་ནུའི་འཕྲལ་སྡོམ་དང་བླངས་ཞབས་ཞུའི་དཔུང་ཁག་རྒྱུན་མཐུད་ངང་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བ་དང་རྒྱུན་ལྡན་ཅན་གྱི་དངོས་འཐབ་འཕྲལ་སྡོམ་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་དང་བླངས་པར་འཕྲལ་སྡོམ་རྩལ་ནུས་བྱང་ཆུབ་པར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明