西藏青年报藏文版གལ་ཆེའི་གསར་འགྱུར། ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེ་ཐོན་ཡུལ་དུ་བཅར་འདྲི་བྱས་པ། ཉེན་ཁའི་ཁྲོད་དུ་ཕན་ཚུན་ལྟ་སྐྱོང་བྱེད་པ། སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་ཁྲིམས་སྐྱོང་སློབ་ཚན་ཁྲིད་པ།

放大 缩小 默认

སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་ཁྲིམས་སྐྱོང་སློབ་ཚན་ཁྲིད་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྒྲོག་འགྲེལ་པས་དྲིས་ལན་འདེབས་ཐུབ་པའི་སློབ་མར་བྱ་དགའི་དངོས་རྫས་སྤྲོད་བཞིན་པ།

ཉེ་ཆར། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་ལས་བྱས་ཏེ“ལང་ཚོ་དང་ཁྲིམས་སྐྱོང་མཉམ་དུ་འགྲོགས། བཅའ་ཁྲིམས་སློབ་ཁང་ཆེ་མོའི”སྟོན་དུས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དམིགས་ཏེ་ཁྲིམས་སྐྱོང་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ་བཅས་ཀྱི་སྒྲོག་འགྲེལ་གཅིག་སྡུད་ཐོག་སྤེལ་ནས། གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་གྱུར་བའི་ཁྲིམས་སྐྱོང་གི་རྨང་གཞི་དང་། བསམ་བློའི་རྨང་གཞི། སེམས་ཁམས་ཀྱི་རྨང་གཞི་བཅས་སྔར་བས་བརྟན་པོ་བསྐྲུན་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明