西藏青年报藏文版ཕྱོགས་བསྡུས། གསར་གཏོད་ཀྱི་མེ་ཏོག་ས་མཐོའི་ཞིང་ས་གཤིན་པོར་བཞད་པར་བརྩོན། རང་ལྗོངས་ཀྱིས་རྒྱུན་མཐུད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དོན་འཁྱོལ་བྱས་པར་ཕན་འབྲས་ཆེན་པོ་ཐོན་པ། རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཞིབ་འཇུག་སློབ་སྦྱོང་སྤེལ་རེས་བྱེད་སྒོ་ལྷ་སར་གཉེར་བ།

放大 缩小 默认

རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཞིབ་འཇུག་སློབ་སྦྱོང་སྤེལ་རེས་བྱེད་སྒོ་ལྷ་སར་གཉེར་བ།

འདི་ནི་ཞིབ་འཇུག་སློབ་སྦྱོང་ཚོགས་པའི་ཚོགས་མི་རྣམས་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་ཏུ་གཟིགས་སྐོར་གནང་བཞིན་པ།

ཟླ་8ཚེས་8ནས་ཚེས་12ཉིན་བར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་རང་སྐྱོང་ལྗོངས་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་བསྐྱོད་དེ་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་དགོས”ཞེས་པའི་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཞིབ་འཇུག་སློབ་སྦྱོང་སྤེལ་རེས་བྱེད་སྒོ་ལྷ་སར་གཉེར་ཞིང་། ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་མཐའ་མཚམས་སློབ་གྲྭའི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མི་51བྱེད་སྒོར་ཞུགས་ཡོད་པ་རེད།

ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཁྲོད་ཚང་མས་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་དྲན་གསོའི་རྡོ་རིང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་བཅིངས་འགྲོལ་དྲན་གསོ་ཁང་། ནོར་ནག་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་། བོད་ཁུལ་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་། བོད་ལྗོངས་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་སོགས་སུ་བསྐྱོད་ནས་ལྟ་སྐོར་དང་མཉམ་འགུལ་ཉམས་ལེན་བྱས་པ་བརྒྱུད་ལོ་ཆུང་གདོང་ལེན་རུ་མི་ཚོས་བོད་ཞི་བའི་བཅིངས་འགྲོལ་ལོ་རྒྱུས་ལ་སློབ་སྦྱོང་དང་། བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཤེས་རྟོགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་བཅས་བྱས་ཏེ་ལག་ལེན་ཁྲོད་ཚན་རིག་ལ་བརྩི་མཐོང་དང་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་འཕེལ་བར་བྱས་པ་རེད།

གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་སློབ་ཆུང་ནས་ཡོང་བའི་ཉི་མ་བཀྲ་ཤིས་ཀྱིས་བྲང་ཁའི་སྐེ་དར་དམར་པོ་བཟུང་ནས“ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དང་ཞིང་བྲན་ཁྲི་བརྒྱ་བཅིངས་འགྲོལ་དྲན་གསོ་ཁང་དུ་བོད་ལྗོངས་རྙིང་པ་ཇི་འདྲའི་གདུག་རྩུབ་ཆེ་བ་ཞིག་ཡིན་པ་ངས་མཐོང་བྱུང་། ད་ཆ་ང་ཚོས་དཀར་ཆ་དོད་པའི་སློབ་ཁང་ནང་དཔེ་ཀློག་ཐུབ་པ་དང་རང་ཉིད་དགའ་པོ་བྱེད་པའི་གྱོན་གོས་གྱོན་ཐུབ་པ་ནི་ཏང་དང་མེས་རྒྱལ་ཡོད་པའི་རྐྱེན་གྱིས་རེད། ངས་ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་ནང་མཐོང་བ་དང་ཤེས་པ་སེམས་ལ་བཟུང་སྟེ་ཕྱིར་ལོག་ནས་སློབ་མ་དེ་བས་མང་བ་ཞིག་ལ་གསལ་བཤད་བྱེད་རྒྱུ་ཡིན”ཞེས་བཤད།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུལ་བས་ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་བྱེད་རིང་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དངོས་སུ་མྱོང་ཚོར་བྱེད་པར་ཁྲིད་སྟོན་བྱས་ནས། ཏང་ལ་དགའ་ཞེན་དང་རྒྱལ་གཅེས་མི་རིགས་མཐུན་སྒྲིལ་གྱི་ས་བོན་སེམས་སུ་བཙུགས་ཏེ་ཁོང་ཚོས་སློབ་སྦྱོང་ཧུར་ཐག་བྱས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ཡིན་ཞེས་གསུངས་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明