西藏青年报藏文版གལ་ཆེའི་གསར་འགྱུར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། 2025ལོར་བོད་ལྗོངས་ཀྱིས་བུ་གསོའི་ཁ་གསབ་སྒོར་དུང་ཕྱུར་4.68སྤྲད་པ།

放大 缩小 默认

2025ལོར་བོད་ལྗོངས་ཀྱིས་བུ་གསོའི་ཁ་གསབ་སྒོར་དུང་ཕྱུར་4.68སྤྲད་པ།

ཕྲུ་གུ་དམར་འབྱར་དང་བྱིས་པ་ཁྲི་18ལ་ཕན་པ་ཐོབ་པ།

ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་2026ལོའི་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2025ལོར། རང་ལྗོངས་ཀྱིས་བུ་གསོའི་ཁ་གསབ་དངུལ་སྒོར་དུང་ཕྱུར་4.68སྤྲད་པ་ལས་ཕྲུ་གུ་དམར་འབྱར་དང་བྱིས་པ་ཁྲི་18ལ་ཕན་པ་ཐོབ་ཡོད་པ་དང་། ཁ་གསབ་དངུལ་སྤྲོད་ཚད་99.95%ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་ཟླ་3པར། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ཞིབ་སྲོལ》བཏོན་ནས། སྲིད་ཇུས་དང་མཐུན་པའི་ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལོ་རེར་སྒོར་3600ཡི་ཚད་གཞི་ལྟར་བུ་གསོའི་ཁ་གསབ་དངུལ་སྤྲོད་བཞིན་ཡོད་པ་རེད།

གཞན་ཡང་། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུས་བརྡ་ཐོ་བཀྲམ་སྟེ། 2022ལོ་ནས་2024ལོ་བར་སྐྱེས་པའི་ཕྲུ་གུ་དམར་འབྱར་དང་བྱིས་པའི་བུ་གསོའི་ཁ་གསབ་ཐོག་མ་རེ་ཞུ་མཚམས་འཇོག་གི་དུས་ཚོད་2026ལོའི་ཟླ་12ཚེས་31ཉིན་བར་རིང་དུ་བཏང་བ་རེད། རེ་ཞུའི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་དམར་འབྱར་དང་བྱིས་པ་ཡིན་ཕྱིན། རེ་ཞུ་བྱེད་མཁན་གྱིས་གཏན་འབེབས་ཀྱི་དུས་ཚོད་ནང་གཏོང་སྤྲོད་འབོ་དང་། སྐད་འཕྲིན། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས་བཅས་ཀྱི་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་ནང་འཛུལ་ནས། “2022ལོ་ནས་2024ལོ་བར་གྱི་རེ་ཞུ་ནར་འགྱངས་ཀྱི་བགྲོད་ལམ”ནང་ཞུགས་ཏེ། གསལ་བཤད་གཞིར་བཟུང་བུ་གསོའི་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད། བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། 2026ལོར“མཐེབ་གཅིག་མཐུད་ལེན”གྱི་ནུས་པ་གསར་དུ་བསྣན་ཡོད་པས། མང་ཚོགས་ཀྱིས་ཁ་གསབ་དངུལ་མཐུད་ལེན་རེ་ཞུ་བྱེད་པར་སྟབས་བདེ་ཆེན་པོ་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明